འབར་མའི་གཞུང་གིས་གསར་འགྱུར་འགྲེམས་སྤེལ་བ་བཙོན་འཇུག

འབར་མའི་གཞུང་གིས་ཨོ་སི་ཀྲོ་ལི་ཡའི་གསར་འགྱུར་འགྲེམས་སྤེལ་གནང་མཁན་ཞིག་བཙོན་འཇུག་བྱས་པ་དེ་གློད་བཀྲོལ་གཏོང་དགོས།

2011.02.14

༄༅༎ཕྱི་རྒྱལ་གྱི་གསར་འགོད་པའི་ཚོགས་པ་ཞིག་གིས་འབར་མའི་གཞུང་ལ་ཨོ་སི་ཀྲོ་ལི་ཡའི་གསར་འགྱུར་འགྲེམས་སྤེལ་གནང་མཁན་ཞིག་བཙོན་འཇུག་བྱས་པ་དེ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་

བདུན་སྔོན་མའི་རེས་གཟའ་འཕུར་བུ་ཉིན་ཡུལ་དེའི་དབྱིན་ཡིག་གསར་ཤོག་མིཡན་མར་དུས་བབ་(Myanmar Times)ཞེས་པ་དེ་འགོ་འཛུགས་གནང་མཁན་ཁོངས་ཡིན་པ་སྐུ་ཞབས་རོསི་ཌང་ལི་འབར་མའི་རྒྱལ་ས་རྙིང་པ་ཡན་སྒུན་ནང་འཛིན་བཟུང་བྱས་ཡོད་པ་རེད་           ཁོང་དལྟ་འབར་མའི་ཡུལ་གྱི་གྲགས་ཆེ་བའི་ཨིན་སའེན་ཞེས་པའི་བཙོན་ཁང་དེའི་ནང་བཙོན་བཅུག་བྱས་ཡོད་པ་ཁོང་གི་ཕྱག་རོགས་ཤིག་གིས་གསུང་འདུག ཀམ་སྦོ་དྲི་ཡའི་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་སྐུ་ཞབས་ཌང་ལི་ཁྲིམས་གཏུགས་མ་བྱས་གོང་བཙོན་བཅུག་བྱེད་དགོས་དོན་མེད་པ་དང་ཁོང་བཙོན་བཅུག་བྱེད་པ་དེ་ཚོང་དོན་དཀའ་རྙོགས་ཤིག་སེལ་རྒྱུར་ཁྲིམས་འགལ་ཐོག་སྤེལ་བའི་བྱ་བ་ཞིག་ཆགས་ཀྱི་ཡོད་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད་ གོང་ཞུས་ཀམ་སྦོ་དྲི་ཡའི་ཕྱི་རྒྱལ་གྱི་གསར་འགོད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་དྲེ་ལྦིདྲ་ཨམ་སི་ཀྲོརོང་ཡིས་སྐུ་ཞབས་ཌང་ལི་འཛིན་བཟུང་བཙོན་བཅུག་བྱས་པ་དེ་འབར་མའི་ཡུལ་གྱི་མིཡན་མར་དུས་བབ་ཅེས་པའི་གསར་ཤོག་གི་ཕྱི་རྒྱལ་དང་རྒྱལ་ནང་གི་སྦྱིན་བདག་བར་དབང་ཆའི་འཐབ་རྩོད་ཡོད་པ་དེ་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུང་འདུག

མིཡན་མར་དུས་བབ་ཅེས་པའི་དབྱིན་ཡིག་གི་གསར་ཤོག་དེ་སྐུ་ཞབས་ཌང་ལི་དང་འབར་མའི་དྲག་པོའི་གཞུང་གི་དྲིལ་བསྒྲགས་བློན་ཆེན་གྱི་ཉེ་འབྲེལ་སྐུ་ཞབས་ཀྲིན་ཀྲིན་ཨུ་ཡིས་བདག་གཉེར་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎