སྦང་ལ་རྡེ་ཤིའི་འོས་བསྡུའི་ཆེད་ཞི་བའི་གོམ་བགྲོས་ལས་འགུལ།

སྦང་ལ་རྡེ་ཤིའི་རྒྱལ་ཡོངས་འོས་བསྡུ་གནང་རྒྱུའི་རྩ་ཁྲིམས་དེ་བསྐྱར་གསོ་གནང་དགོས་པའི་དགོས་འདུན་བཏོན་ཕྱིར་གོམ་བགྲོས་གནང་རྒྱུ་ཡིན་འདུག

2011-12-20
Share

༄༅༎སྦང་ལ་རྡེ་ཤིའི་ཕྱོགས་འགལ་ཚོགས་པས་ཆབ་སྲིད་ཀྱི་ཚོགས་པ་མེད་པའི་འཕྲལ་སེལ་གཞུང་གི་འཛིན་སྐྱོང་འོག་རྒྱལ་ཡོངས་འོས་བསྡུ་གནང་རྒྱུའི་རྩ་ཁྲིམས་དེ་བསྐྱར་གསོ་གནང་དགོས་པའི་དགོས་འདུན་བཏོན་ཕྱིར་ཟླ་དང་པོའི་ཚེས་༨དང་༩ཉིན་གཉིས་རིང་ཡུལ་དེའི་ལྷོ་ཤར་གྲོང་ཁྱེར་ཆི་ཏ་གོང་ནས་རྒྱལ་ས་རྡ་ཀ་བར་རིང་ཚད་སྤྱི་ལེ་མི་ཌར་༢༤༢ཙམ་བར་ཞི་བའི་གོམ་བགྲོས་གནང་རྒྱུ་ཡིན་འདུག་།
ཕྱི་ཟླ་༦ཚེས་༣༠ ཉིན་སྦང་ལ་རྡེ་ཤི་གྲོས་ཚོགས་ཀྱིས་རྩ་ཁྲིམས་བསྐྱར་བཅོས་ཐེངས་ལྡ་པ་དེ་གནང་སྟེ་བསྒྱུར་བཅོས་མང་པོ་ཞིག་གནང་ཡོད་པའི་ནང་ ཆབ་སྲིད་ཀྱི་ཚོགས་པ་མེད་པའི་འཕྲལ་སེལ་གཞུང་ཞིག་གིས་འཛིན་སྐྱོང་འོག་རྒྱལ་ཡོངས་འོས་བསྡུ་གནང་དགོས་པའི་ཆ་རྐྱེན་དེ་མེད་པ་བཟོས་ཡོད་པ་རེད། རྩ་ཁྲིམས་བསྐྱར་བཅོས་དེར་ངོ་རྒོལ་དང་བསྒྲགས་ ཆ་རྐྱེན་དེ་རྩ་ཁྲིམས་དང་རང་འཇགས་བཞག་དགོས་པའི་དགོས་འདུན་བཏོན་ཏེ་ ད་བར་སྦང་ལ་རྡེ་ཤིའི་ཕྱོགས་འགལ་ཚོགས་པས་དབུ་ཁྲིད་པའི་མི་མང་སྟོང་ཕྲག་མང་པོས་ས་ཁུལ་མང་པོ་ཞིག་ནས་ཞི་བའི་གོམ་བགྲོས་ཐེངས་གསུམ་ཙམ་གནང་ཡོད་པ་རེད། གོམ་བགྲོས་དང་པོ་དེ་ཕྱི་ཟླ་༡༠ཚེས་༡༠་དང་༡༡ཉིན་གནང་ཡོད་པ་དང་ གོམ་བགྲོས་གསུམ་པ་དེ་ཕྱི་ཟླ་༡༡་ཚེས་༢༦ཉིན་ ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་ཁ་ལེ་ཌ་ཛི་ཡ་མཆོག་གི་དབུ་ཁྲིད་དེ་རྒྱལ་ས་རྡ་ཀ་ནས་གྲོང་ཁྱེར་ཁུལ་ན་བར་གནང་ཡོད་པ་རེད། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།