གསང་འཛུལ་གྱི་སྙན་ཐོར་རྒྱ་ནག་གིས་ངོས་ལེན་མ་བྱས།

རྒྱ་ནག་གིས་ཀམ་པུ་ཊར་ནང་བར་འཛུལ་བྱས་ཏེ་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་དེར་དེ་རིང་ངོས་ལེན་བྱས་མེད་པ་རེད།

2009-03-31
Share

༄༅༎རྒྱ་ནག་ནང་ནས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་ཁག་གི་ཀམ་པུ་ཊར་དང་དེ་མིན་རྒྱལ་ཁབ་མང་པོའི་གཞུང་སྒེར་གཉིས་ཀྱི་ཀམ་པུ་ཊར་ནང་བར་འཛུལ་བྱས་ཏེ་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་དེར་དེ་རིང་རྒྱ་ནག་གིས་ངོས་ལེན་མ་བྱས་པར་དེང་སྐབས་རྒྱལ་སྤྱིའི་ལས་དོན་ཁག་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་གི་ཡོད་པ་དེར་གནོད་སྐྱོན་གཏོང་ཐབས་ཀྱི་རྫུན་གཏམ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ཁེ་ན་ཌའི་ཞིབ་འཇུག་པ་ཚོས་བཏོན་གནང་བའི་སྙན་ཐོ་དེར་རྒྱ་ནག་གི་ཚུང་སྣང་ལན་འཆར་ཐོག་མ་བཏོན་པ་དེའི་ནང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་ཡིས་ཞིབ་འཇུག་གི་མཐའ་མའི་མཇུག་སྡོམ་དེ་ནི་ཕྱི་ཕྱོགས་སུ་ཡོད་པའི་མང་ཚོགས་ལ་རྒྱ་ནག་ནས་ཉེན་ཁ་ ཡོད་པའི་འཇིགས་སྣང་སྐུལ་རྒྱུར་དམིགས་པའི་ཁ་རྩོད་གྲང་དམག་གི་ནད་འབུ་ཁྱབ་གདལ་དུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་རྟགས་མཚན་ཞིག་རེད་ཅེས་འགྲེལ་བརྗོད་བྱས་བཞག

ཡང་ཆིན་ཀང་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་ཐད་ཀར་མ་རྒྱབ་པར་རྒྱ་ནག་གཞུང་གིས་གཞན་གྱི་ཀམ་པུ་ཊར་ནང་གསང་འཛུལ་བྱས་པ་ལ་སོགས་པའི་ཀམ་པུ་ཊར་གྱི་ལས་དོན་དང་འབྲེལ་བའི་ནག་ཉེས་ཀྱི་བྱ་སྤྱོད་རིགས་མཐའ་དག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་གཞུང་ཕྱོགས་ནས་ཀམ་པུ་ཊར་ཐོག་གི་འབྲེལ་མཐུད་ལས་དོན་ཁག་ལ་སྲུང་སྐྱོབ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་རྒྱ་ནག་གི་ཕྱི་ལ་ཡོད་པའི་མི་འགའ་ཤས་ཞིག་གིས་ཀམ་པུ་ཊར་ནང་གསང་འཛུལ་བྱེད་ཀྱི་ཡོད་པའི་རྫུན་གཏམ་ཁྱབ་བསྒྲགས་བྱས་ནས་རྒྱ་ནག་ལ་མིང་ངན་པ་བཟོ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་དེ་ཚོ་ཕམ་ཉེས་སུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག།

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།