པེ་ཅིང་ནང་མོ་ཊའི་འགྲིམས་འགྲུལ་ཐད་ཚད་གཞི་བཟོ་འཆར།

རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་མཁའ་རླུང་གཙང་དུ་འགྲོ་རྒྱུ་དང་འགྲིམས་འགྲུལ་ཉུང་དུ་འགྲོ་རྒྱུའི་ཆེད་མོ་ཊའི་འགྲིམས་འགྲུལ་ཐད་ཚད་གཞི་བཟོ་རྒྱུ།
2008-09-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་རྒྱལ་ས་པེ་ཅིང་ནང་གི་མཁའ་རླུང་གཙང་དུ་འགྲོ་རྒྱུ་དང་འགྲིམས་འགྲུལ་ཉུང་དུ་འགྲོ་རྒྱུའི་ཆེད་དུ་ཕྱི་ཟླ་བཅུ་པ་ནས་པེ་ཅིང་གྲོང་ཁྱེར་ནང་དུ་འགྲིམས་འགྲུལ་བྱེད་བཞིན་པའི་གཞུང་གི་མོ་ཊ་ཉུང་དུ་གཏང་རྒྱུ་དང་སྒེར་གྱི་མོ་ཊའི་འགྲིམས་འགྲུལ་ཐད་ཚད་གཞི་བཟོ་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ཟླ་བརྒྱད་པའི་ནང་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་དེ་བཞིན་དབང་པོ་སྐྱོན་ཅན་གྱི་ཙེད་འགྲན་ཚོགས་པའི་རིང་ལ་མཁའ་རླུང་གཙང་མ་ཡོང་བའི་ཆེད་དུ་མོ་ཊའི་འགྲིམས་འགྲུལ་བཀག་འགོག་བྱས་པའི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། མི་དམངས་ནང་དུ་སྲིད་ཇུས་དེ་བཞིན་མུ་མཐུད་ལག་བསྟར་བྱ་དགོས་གལ་ཡིན་མིན་སྐོར་བགྲོ་གླེང་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་ཕྱོགས་ནས་ཟླ་བ་བཅུ་གཅིག་པ་ནས་པེ་ཅིང་ནང་གི་འགྲིམས་འགྲུལ་ཉུང་དུ་གཏང་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་པ་རེད། པེ་ཅིང་འགྲིམས་འགྲུལ་འཛིན་སྐྱོང་ལས་ཁང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། འགྲིམས་འགྲུལ་ཉུང་དུ་གཏང་རྒྱུའི་སྲིད་ཇུས་དེ་གཙོ་བོ་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་འགོ་བཙུགས་ཏེ་གཞུང་གི་མོ་ཊའི་འགྲིམས་འགྲུལ་ནས་བརྒྱ་ཆ་སུམ་ཅུ་ཉུང་དུ་གཏང་རྒྱུ་མ་ཟད། དེ་མིན་གྱི་གཞུང་གི་མོ་ཊ་ལྷག་འཕྲོས་དང་སྒེར་གྱི་མོ་ཊ་རྣམས་མོ་ཊའི་ལས་རྟགས་ཨང་ཀིར་གཞིགས་པའི་གཟའ་འཁོར་གཅིག་གི་རེས་གཟའ་ཟླ་བ་ནས་པ་སངས་བར་ཉིན་ལྔའི་ནང་ནས་ཉིན་གཅིག་འགྲིམས་འགྲུལ་བྱ་མི་ཆོག་པའི་བཀག་འགོག་བྱ་རྒྱུ་ཡིན་ཞིང༌། ཡིན་ནའང་རེས་གཟའ་སྤེན་པ་དང་ཉི་མ་གཟའ་མཇུག་ཏུ་འགྲིམས་འགྲུལ་ལ་བཀག་འགོག་མེད་པ་མ་ཟད། གཞུང་གི་ཉེན་རྟོག་པའི་མོ་ཊ་དང་མྱུར་སྐྱོབ་མོ་ཊ། མེ་གསོད་རུ་ཁག་གི་མོ་ཊ་སོགས་དམིགས་བསལ་ཡིན་པ་དང་དེའི་ཐོག་ལ་སྤྱི་སྤྱོད་མོ་ཊ་སྦ་སེ་དང་འགྲུལ་སྐྱེལ་མོ་ཊ་ཀྲེག་སི་སོགས་མི་དམངས་ཀྱི་ཆེད་དུ་མཁོ་བའི་འགྲིམས་འགྲུལ་རིགས་ལ་བཀག་འགོག་མེད་པ་དང་སྲིད་ཇུས་དེ་ནི་ཟླ་བ་དྲུག་རིང་ཚོད་ལྟ་བྱ་རྒྱུའི་ཆེད་དུ་ཡིན་པ་བཀོད་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།