ཕྱི་རྒྱལ་བ་བུད་མེད་ཞིག་གིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

2022.05.05
ཕྱི་རྒྱལ་བ་བུད་མེད་ཞིག་གིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག སྦེལ་ཇམ་གྱི་བུད་མེད་བོད་དོན་དོན་གཉེར་བ་ལྕམ་(Eva Van Tulden)་ལགས་ཀྱིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་འགོ་འཛུགས་སྐབས། ༠༥།༠༥།༢༠༢༢
ICT Europe

སྦེལ་ཇམ་གྱི་བུད་མེད་བོད་དོན་དོན་གཉེར་བ་ལྕམ་(Eva Van Tulden)་ལགས་ཀྱིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་བ་དང་། བོད་ཀྱི་རིག་གཞུང་འཚོ་གནས་འཇུག་དགོས་པ་སོགས་ཀྱིས་འབོད་ཚིག་འོག རྐང་འཁོར་གྱི་རྒྱབ་མདུན་གཉིས་ཀར་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བཏགས་ནས་ནེ་དྷར་ལེན་ཊིའི་(Netherland)་རྒྱལ་ཡོངས་སུ་འདི་ཚེས་༥ཉིན་ནས་བདུན་ཕྲག་བཞིའི་རིང་བོད་དོན་རྐང་འཁོར་སྐོར་བསྐྱོད་ལས་འགུལ་འགོ་བཙུགས་གནང་འདུག
ཁོང་གིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་དགོས་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་རིམ་བཞིན་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་གནས་སྟངས་ལ་བརྟེན་ནས་ཡིན་པ་དང་། ཁོང་ནི་སྦེལ་ཇམ་གྱི་བོད་དོན་དོན་གཉེར་བ་དང་(Reach Out for a Cause)་འམ་རྩ་དོན་ལ་སྙོབ་པ་ཅེས་པའི་ཚོགས་པ་གསར་འཛུགས་གནང་མཁན་ཡིན་འདུག

Eva Van Tulden bike for tibet (1).jpg

ལྕམ་(Eva Van Tulden)་ལགས་ཀྱིས་བོད་དོན་ཆེད་(Netherland)་ནང་རྐང་འཁོར་སྐོར་བསྐྱོད་གནང་སྐབས། ལམ་བར་བོད་མི་རྣམས་དང་མཇལ་འཕྲད་གནང་ནས་བོད་ཀྱི་རིག་གཞུང་སོགས་ཀྱི་སྐོར་བགྲོ་གླེང་གནང་འཆར་འདུག་ལ། ཡང་ཁོང་གིས་(Netherland)་རྒྱལ་ཡོངས་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་གར་དང་བལ་ཡུལ་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞིར་རྒྱབ་སྐྱོར་ཞུ་རྒྱུའི་དཔལ་འབྱོར་བསྡུ་རུབ་ཀྱང་གནང་འཆར་ཡོད་འདུག
ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་དང་། ཟློས་གར་ཚོགས་མི་ཟུར་པ་རྣམ་རྒྱལ་ལྷ་མོ་ལགས་གཙོས་པའི་བོད་མི་ཁག་ཅིག་ལྕམ་(Eva Van Tulden)་ལགས་ཀྱིས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་ས་(Utrecht)་ཞེས་པར་དངོས་སུ་ཕེབས་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་དགེ་འདུན་པ་ ༦༠ ལྷག་ལ་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎