རྒྱ་གར་གྲོས་ཚོཊ་འཐུས་མི་ཚོས་རྒྱ་གར་གྱི་གཟེངས་རྟཊ་མཐོ་ཤོས་༧གོང་ས་མཆོག་ལ་ཕུལ་འོས་བའི་འབོད་སྐུལ།

2019-04-16
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་(Bharat Ratna)
རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་(Bharat Ratna)
དྲ་བཤུས།

རྒྱ་གར་གྲོས་ཚོགས་འཐུས་མི་༢༠༠ཡིས་རྒྱ་གར་གཞུང་ལ་༧གོང་ས་མཆོག་ལ་རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་འབུལ་དགོས་པའི་འབོད་སྐུལ་ཞུས་འདུག
སྲིད་དོན་ཚོགས་པ་སྣེ་མང་ལས་གྲུབ་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧི་མལ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། གཞུང་འཛིན་བྷེ་ཇའི་པི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤན་ཏཱ་ཀུ་མར་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༢༠༠་ཡིས་འདི་ཚེས་ ༡༡ ཉིན་རྒྱ་གར་གཞུང་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནང་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་མཐོ་ཤོས་(Bharat Ratna)སྦ་རཊ་རཊ་ན་ཞེས་བའི་གཟེངས་རྟགས་འབུལ་དགོས་པའི་མཚན་བཀོད་སྙན་ཞུ་ཕུལ་ཡོད་འདུག
སྲིད་དོན་ཚོགས་པ་སྣེ་མང་ལས་གྲུབ་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིའི་ ༢༠༡༦ ལོའི་ཚོགས་ཆེན་གྱི་གྲོས་ཆོད་དང་། དེ་ནས་མུ་མཐུད་ནས་ ༢༠༡༧ ལོའི་ཚོགས་ཆེན་བཅས་ཀྱི་གྲོས་ཆོད་དགོངས་དོན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྦ་རཊ་རཊ་ན་གཟེངས་རྟགས་འབུལ་དགོས་པའི་ཞུ་སྙན་རྒྱ་གར་གྱི་སྲིད་བློན་གྱི་མཚན་ཐོག་ཕུལ་ཡོད་ཀྱང་།  སྲིད་བློན་ལས་ཁང་ནས་ནང་སྲིད་ལས་ཁང་ལ་ཕུལ་དགོས་པའི་བཀའ་ཕེབས་ལྟར་༢༠༡༩ ཟླ་ ༤ ཚེས་༡༡ ཉིན་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་རཇ་ནཊ་སིང་མཆོག་ལ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ ༢༥ ནས་གྲོས་ཚོགས་འཐུས་མི་ཉིས་བརྒྱ་ཐམ་པས་མཚན་རྟགས་འཁོད་པའི་སྙན་ཞུ་ཕུལ་ཡིན་པ་གསུངས་ཀྱི་འདུག
གྲོས་ཚོགས་འཐུས་མི་སྐུ་ཞབས་ཤན་ཏཱ་ཀུ་མར་མཆོག་གིས། སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོངས་ཐབས། འཚེ་མེད་ཞི་བའི་ལམ་ཐོག་ནས་བོད་ཀྱི་བདེན་དོན་སེལ་ཡག་ལ་སོགས་པའི་སྐུ་ལས་བསྐྱོན་པའི་རླབས་ཆེན་གྱི་མཛད་རྗེས་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ལ་སོགས་པའི་གཟེངས་རྟགས་མང་པོ་ཞིག་འབུལ་བཞེས་མཛད་ཡོད་པར་སོང་། ཁོང་ལ་གཟེངས་རྟགས་དགོས་ཀྱི་མེད་ཀྱང་རྒྱ་གར་གཞུང་ནས་༧གོང་ས་མཆོག་ལ་སྦ་རཊ་རཊ་ན་གཟེངས་རྟགས་ཕུལ་བ་ཡིན་ན་རྒྱ་གར་རྒྱལ་ཁབ་ཀྱི་མཚན་མཐོང་ལ་ཕན་ཐོགས་ཡོང་ཀྱི་རེད་ཅེས་གསུངས་ཀྱི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།