བོད་རིགས་གཞས་པ་བུ་ཆུང་ལགས་སུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་གི་ཁྲོད་བྱ་དགའ་ཐོབ་འདུག

2021.01.15
བོད་རིགས་གཞས་པ་བུ་ཆུང་ལགས་སུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་གི་ཁྲོད་བྱ་དགའ་ཐོབ་འདུག གཞས་པ་བུ་ཆུང་ལགས།
པདྨ་དངོས་གྲུབ།/RFA

ཕྱི་ལོ་༢༠༢༠ལོའི་ཨ་རིའི་གྲོང་ཁྱེར་མན་ཧ་ཀྲེན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(International Film Festival Manhattan NYC) ཐེངས་༡༠པའི་ཐོག བཙན་བྱོལ་ནང་གྱི་ན་གཞོན་གཞས་པ་བུ་ཆུང་ལགས་ཀྱིས་ན་ནིང་བཟོས་གནང་པའི་བརྩེ་གདུང་ཞེས་པའི་བརྙན་ཕབ་གླུ་གཞས་ལ་བརྙན་ཕབ་གླུ་གཞས་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཨ་རིའི་ནང་གིས་ཁ་བཏགས་གློག་བརྙན་བཟོ་བསྐྲུན་ཚོགས་པས་མན་ཧེ་ཀྲན་གློག་བརྙན་དུས་སྟོན་ཚོགས་པར་རྒྱུད་མངའ་ལམ་སྟོན་བྱས་པ་བརྒྱུད། ཨ་རི་མན་ཧ་ཀྲེན་(Manhattan)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་ལུཡི་པེར་ཌོན་ལགས་ནས་བུ་ཆུང་ལགས་ཀྱིས་འཁྲད་ཁྲིད་བཟོ་བསྐྲུན་བྱས་པའི་བརྩེ་གདུང་ཞེས་བའི་བརྙན་ཕབ་གླུ་གཞས་དེ་གློག་བརྙན་དུས་སྟོན་གྱི་འགྲན་རྩོད་པའི་གྲས་སུ་བཅུག་པ་གཞིར་བཟུང་བྱ་དགའ་ཐོབ་པ་ཡིན་འདུག
བུ་ཆུང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། གཞས་དེ་ཇུས་འགོད་པ་དང་། སྒྲུང་དང་གདངས་བཟོ་མཁན་བུ་ཆུང་ལགས་ཁོང་རང་ཡིན་པ་དང་། གཞས་ཚིག་སེ་རྭ་དགོན་པའི་རྒན་བྱམས་པ་དོན་གྲུབ་ལགས་ཡིན་འདུག ཇུས་འགོད་པའི་ལས་རོགས་དང་པར་པ་ཀོ་ལེ་གྷལ་གྱི་ཀརྨ་ཡེ་ཤེས་རྣམ་དག་ལགས་ཡིན་པ་རེད་འདུག བརྙན་ཕབ་གླུ་གཞས་དེ་སྤྱི་ཡོངས་ནས་ཡག་པོ་བྱུང་བ་མ་ཟད། དམིགས་བསལ་སྒྲུང་དང་ཇུད་འགོད་བྱ་ཕྱོགས་ཀྱི་ཐད་གཟེངས་ཐོན་བྱ་དགའ་ཐོབ་པར་དགའ་སྤོབས་བྱུང་བ་གསུངས་ཡོད་པ་རེད།
ད་དུང་བུ་ཆུང་ལགས་ཀྱིས། ཁོང་ལ་བྱ་དགའ་ཐོབ་པ་དེ་ཁོང་གི་རྩ་བའི་བླ་མ་༧གོང་ས་མཆོག་དང་། བོད་ནང་གི་སྒྱུ་རྩལ་བ་སོགས་ཀྱི་ཆེད་དུ་བསྔོ་བ་ཞུ་གི་ཡོད་ཅེས་གསུང་སོང་།
སྤྱིར་བཏང་ཨ་རིའི་མན་ཧ་ཀྲེན་(Manhattan)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ལོ་ལྟར་ཚོགས་ནས། དུས་སྟོན་སྟེང་འདེམས་པའི་གློག་བརྙན་བརྙན་ཕབ་རིགས་དཔྱད་བསྡུར་གྱིས་གཟེངས་རྟགས་འདྲ་མིན་ཁག་ཉི་ཤུ་བརྒལ་བ་གནང་སྲོལ་ཡོད་པ་རེད་ལ། ད་ལོ་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དྲ་ལམ་བརྒྱུད་དུས་སྟོན་དེ་ཚོགས་དགོས་བྱུང་ཡོད་པ་རེད།
བྱ་དགའ་ཐོབ་མཁན་བུ་ཆུང་ལགས་ནི། རྒྱ་གར་ལྷོ་ཕྱོགས་བཙན་བྱོལ་བོད་མིའི་གཞིས་ཆགས་བྷེལ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་གཞིས་ཁུངས་སུ་སྐྱེས་མཚར་བྱུང་བ་ཞིག་ཡིན་པ་དང་། ཁོང་ཆུང་དུས་ནས་གཞས་ལ་དོ་དབྱིངས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་ཕྱི་ལོ་༢༠༡༦ལོ་ནས་གླུ་གཞས་འདྲ་མིན་༡༣ཙམ་བརྙན་ཕབ་བཟོ་བསྐྲུན་གནང་བའི་ཁྲོད། རྨི་ལམ་ཞེས་པར་བོད་ཀྱི་རོལ་དབྱངས་དུས་སྟོན་གྱི་ཐོག་བྱ་དགའ་ཐོབ་མྱོང་ཡོད་པ་རེད་འདུག500077500030_88311.jpg

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎