འབྲུག་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད་མི་སེར་དམངས་གཙོ་ཚོཊ་པར་རྒྱལ་ཁ་ཐོབ་འདུག

2024.01.09
འབྲུག་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད་མི་སེར་དམངས་གཙོ་ཚོཊ་པར་རྒྱལ་ཁ་ཐོབ་འདུག འབྲུག་ཡུལ་ནང་རྒྱལ་ཡོངས་འོས་བསྡུའི་འོས་ཤོག་གྲངས་བཤེར་བྱེད་བཞིན་པ། ༠༡།༠༩།༢༠༢༤
AP

ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་རང་བཙན་རྒྱལ་ཁབ་འབྲུག་ཡུལ་དུ་འདི་ཚེས་༩གཟའ་མིག་དམར་ཉིན་རྒྱལ་ཡོངས་མི་མང་གིས་མང་གཙོའི་ལམ་ལུགས་ལྟར་འོས་ཤོག་འཕངས་ནས་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་ཡོད་པ་དང་། ད་ལྟ་རང་གནས་ཚུལ་ཐོན་པ་ལྟར་ན། མི་སེར་དམངས་གཙོ་ཚོཊ་པར་གྲོས་ཚོགས་ཀྱི་ཞབས་སྟེགས་༤༧ནས་༣༠ཐོབ་པ་ལྟར་འོས་བསྡུའི་རྒྱལ་ཁ་ཐོབ་འདུག འོས་འཕེན་མཁན་ཚོས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱས་ཏེ་ཆབ་སྲིད་པ་ཁོང་རྣམས་པས་ཁས་ལེན་དམ་བཅའ་ཁག་ལག་བསྟར་གྱིས་ཡུལ་དེའི་དཔལ་འབྱོར་གྱི་ཛ་དྲག་དཀའ་ངལ་སེལ་ཐུབ་པར་རེ་བ་བཅངས་ཡོད་སྐོར་རྒྱལ་ས་ཐེམ་བུ་ནས་ཨེ་ཕིས་གསར་འགོད་པས་གནས་ཚུལ་སྤེལ་འདུག འབྲུག་ཡུལ་དུ་མི་གྲངས་འབུམ་བརྒྱད་ཙམ་ཡོད་འདུག
འོས་འཕེན་པ་ཁ་ཤས་དགུན་དུས་གྲང་ངར་ཆེ་བའི་དུས་འདིར་རྒྱང་ཐག་རིང་པོ་ནས་གོམ་པ་བརྒྱབ་ནས་འོས་ཤོག་འཕེན་སའི་ས་ཚིགས་སུ་བསྐྱོད་དགོས་བྱུང་ཡོད་པ་དང་། འོས་འཕེན་པ་ཚོས་སྐབས་རྗེས་མའི་གྲོས་ཚོགས་འཐུས་མི་༤༧འདེམས་ཡོད་ཅིང་། དེ་བརྒྱུད་གཞུང་གསར་བའི་འགོ་ཁྲིད་རྣམས་འདེམས་དགོས་ཡོད་འདུག
ད་རེས་ཀྱི་རྒྱལ་ཡོངས་འོས་བསྡུ་ནི་༢༠༠༨ལོར་འབྲུག་ཡུལ་ནང་སྲོལ་རྒྱུན་གྱི་རྒྱལ་པོའི་ལམ་ལུགས་ནས་གྲོས་ཚོགས་ལམ་ལུགས་ཀྱི་སྲིད་གཞུང་དུ་བསྒྱུར་པ་ནས་བཟུང་རྒྱལ་ཡོངས་འོས་བསྡུ་ཐེངས་བཞི་བ་དེ་ཡིན་པ་རེད།
ཉེ་སྔོན་ཕྱི་ཟླ་༡༡པའི་ནང་སྔོན་འགྲོའི་འོས་བསྡུའི་ཁྲོད་ཆབ་སྲིད་ཚོགས་པ་གསུམ་ལ་ཕམ་ཁ་བྱུང་བ་དང་། ད་ལྟ་སྲིད་བློན་ཟུར་བ་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་འགོ་ཁྲིད་པའི་མི་སེར་དམངས་གཙོ་ཚོཊ་པ་དང་། གཞུང་ཞབས་པདྨ་ཚེ་དབང་ལགས་ཀྱིས་འགོ་ཁྲིད་པའི་འབྲུག་རྟེན་འབྲེལ་ཚོགས་པ་གཉིས་ཀྱི་བར་རྒྱལ་ཕམ་རྩད་ཡོད་པ་རེད།
འབྲུག་ཡུལ་གྱི་དཔལ་འབྱོར་གནས་སྟངས་ཛ་དྲག་གི་གནས་སུ་ཡོད་པ་དེ་ཐེངས་འདིའི་འོས་བསྡུའི་སྔོན་འོས་མི་ཚོས་གླེང་སློང་གཙོ་བོ་བྱས་ཡོད་པ་རེད།


གསར་འགོད་པ། རྡོ་རྗེ་འཚོ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎