Eric Garcetti་ཨ་མི་རི་ཀའི་རྒྱ་གར་གྱི་གཞུང་ཚབ་པ་གསར་པར་བསྐོ་གཞག་གནང་རྒྱུའི་མཚན་འདོན་གནང་ཡོད་པ།

2021.07.10
Eric Garcetti་ཨ་མི་རི་ཀའི་རྒྱ་གར་གྱི་གཞུང་ཚབ་པ་གསར་པར་བསྐོ་གཞག་གནང་རྒྱུའི་མཚན་འདོན་གནང་ཡོད་པ། Eric Garcetti་ཨ་མི་རི་ཀའི་རྒྱ་གར་གྱི་གཞུང་ཚབ་པ་གསར་པར་བསྐོ་གཞག་གནང་རྒྱུའི་མཚན་འདོན་གནང་ཡོད་པ།
རོཡི་ཊརས།

རྒྱ་གར་དང་ཨ་མི་རི་ཀ་གཉིས་ཀྱི་བར་འབྲེལ་ལམ་སྣེ་ཁྲིད་གནང་མཁན་ཟམ་པ་ལྟ་བུར་གྱུར་བའི་གཞུང་ཚབ་གསར་པར་མཚན་འདོན་བྱུང་བ་སྐུ་ཞབས་Eric Garcetti ནི་ཨ་མི་རི་ཀའི་མཚོ་དམག་དཔུང་སྡེའི་གསང་ལས་སྡེ་ཚན་ནང་ལོ་ངོ་༡༢་རིང་ཞབས་ཞུ་གནང་མྱོང་ཡོད་པའི་དཔོན་རིགས་ཤིག་ཡིན་པ་དང་། ཁོང་གིས་གྲོང་ཁྱེར་སྤྱི་ཁྱབ་མ་གནང་གོང་ལོ་ངོ་༡༢་རིང་Los Angeles གྲོང་ཁྱེར་འཛིན་སྐྱོང་གི་ཚོགས་མི་གནང་མྱོང་ཡོད་པ་ཞིག་རེད་འདུག

Los Angeles གྲོང་ཁྱེར་དེ་ནི་ཨ་མི་རི་ཀའི་ནུབ་བརྒྱུད་མཚོ་ཐོག་སྐྱེལ་འདྲེན་གྱི་གྲུ་གཟིངས་ཀྱི་དགག་སྒོ་ཆེ་ཤོས་དང་ཡང་གནམ་གྲུའི་འགྲིམ་འགྲུལ་ལ་མཚོན་ནའང་། གནམ་གྲུ་འཕུར་བསྐྱོད་གཞི་རྒྱ་ཆེ་ཤོས་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པས། མཚོ་ཐོག་སྐྱེལ་འདྲེན་གྱི་གྲུ་གཟིངས་དང་གནམ་ཐང་འཛིན་སྐྱོང་ཐོག་ཐད་ཀར་འགན་འཁུར་བཞེས་མྱོང་མཁན་དཔོན་རིགས་བྱས་པ་ཅན་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་དང་། ཤེས་ཡོན་སློབ་སྦྱོང་ལ་མཚོན་ན་དབྱིན་ཡུལ་གྱི་Oxford དང་London School of Economics བཅས་པའི་འཛམ་གླིང་ནང་གྲགས་པ་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་ཐད་སློབ་གཉེར་བྱ་ཡུལ་གཙུག་ལག་སློབ་གཉེར་ཁང་ནས་སློབ་ཐོན་དང་ཡང་ལྷོ་California གཙུག་ལག་སློབ་གྲྭ་བཅས་པའི་ནང་རྒྱལ་སྤྱིའི་འབྲེལ་ལམ་གྱི་སློབ་དཔོན་གནང་མྱོང་ཡོད་པ་ཞིག་དང་རྒྱུན་རིང་ལྷོ་ཤར་ཨེ་ཤེ་ཡ་དང་ཨཕ་རི་ཀའི་རྒྱལ་ཁབ་ཁག་ཅིག་ནང་གནས་ཞུགས་གནང་སྟེ་མི་རིགས་ཀྱི་ངོ་བོ་དང་རྒྱལ་ཞེན་གཞན་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་སྐོར་ཉམས་ཞིབ་ཀྱི་ཕྱག་ལས་གནང་མྱོང་ཡོད་པའི་ཞི་དྲག་གི་ལས་དོན་གཉིས་ཀར་ཉམས་མྱོང་གང་ཆེ་ཡོད་པའི་དཔོན་རིགས་ཤིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎