སྦག་སྦག་སྐོར་བསྐྱོད་ཀྱི་ལམ་ནས་༸པཎ་ཆེན་རིན་པོ་ཆེའི་སྐོར་དྲིལ་བསྒྲགས།

2019-04-23
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་གྱི་སྦག་སྦག་སྐོར་བསྐྱོད་ལས་འགུལ་དབུ་འཛུགས་སྐབས།
བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་གྱི་སྦག་སྦག་སྐོར་བསྐྱོད་ལས་འགུལ་དབུ་འཛུགས་སྐབས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བསྟན་འཛིན་དོན་ཡོད།

བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༠ ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ཁོང་གི་གནས་སྟངས་མང་ཚོགས་ལ་དྲིལ་བསྒྲགས་བྱ་རྒྱུའི་ཆེད་དུ་ཕྱི་ཟླ་༤ཚེས་༢༣རེས་གཟའ་མིག་དམར་ཉིན་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་སྦག་སྦག་ཐོག་འགྲིམ་འགྲུལ་གྱི་ལས་འགུལ་ཞིག་འགོ་བཙུགས་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༤ཚེས་༢༥ ཉིན་༸པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༠ ཕེབས་པའི་འཁྲུངས་སྐར་ཡིན་ཞིང་། བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ནང་ཞུགས་མཁན་ཞིག་གིས། ད་རེས་ཀྱི་ལས་འགུལ་དེ་ནི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་རྒྱབ་སྐྱོར་མཚོན་དོན་དང་ཁོང་རྒྱ་ནག་གི་དམ་དྲག་འོག་ནས་གློད་བཀྲོལ་ཐོབ་ཐབས་ཀྱི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད་།

ད་རེས་ཀྱི་ལས་འགུལ་ནང་ཞུགས་མཁན་ཚོགས་མི་སུམ་ཅུ་ཡོད་པ་ཚོས་སྦག་སྦག་ཐོག་རྒྱ་གར་གྲོང་ཁྱེར་ཅན་དི་གྷར་Chandigarh དང་སོ་ནི་པཏ་Sonipath བརྒྱུད་འགྲིམ་འགྲུལ་བྱས་ཏེ་ཕྱི་ཟླ་བཞི་པའི་ཚེས་༢༥ ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ཉིན་རྒྱལ་ས་ལྡི་ལིར་འབྱོར་རྒྱུ་ཡིན་ཞིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་རྒྱུ་དང་།      རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་པའི་ཆོས་ཕྱོགས་ཀྱི་བྱ་བར་ཐེ་ཇུས་བྱེད་པའི་བྱ་སྤྱོད་དེ་ཚོ་བོད་མིའི་ངོས་ནས་ངོས་ལེན་བྱ་ཐབས་མེད་པའི་སྐོར་གསུངས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།