པེ་ཅིང་རྩེད་འགྲན་དུ་ཧོང་ཀོང་གི་ཡེ་ཤུའི་ཆོས་བདག་ཅིག་ཕེབས་འཆར།

ཧོང་ཀོང་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་འགོ་འཁྲིད་པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་ལ་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད་

2008.06.09

༄༅༎ཧོང་ཀོང་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་འགོ་འཁྲིད་པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་ལ་ཕེབས་རྒྱུའི་འཆར་གཞི་དེས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཀྲི་ཁེན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་བཟང་དུ་འགྲོ་བའི་རྟགས་ཤིག་ཡིན་པ་རེད་

ཧོང་ཀོང་གི་རྒྱ་ནག་ཉིན་རེའི་ཕོ་ཉ་ཞེས་པས་གྲོང་ཁྱེར་གྱི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ཇོ་སེཕཱ་ཙེན་གྱི་རྗེས་འཛིན་པ་ཇཱོན་ཐུང་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་ཨོ་ལིམ་ཕིག་རྩེད་འགྲན་ལ་གདན་འདྲེན་ཞུས་པའི་གནས་ཚུལ་བཏོན་ཡོད་རེད་ ཆོས་དཔོན་ཐུང་ཡིས་བླ་ཆེན་པཱོབ་མཆོག་གིས་ཉེ་ཆར་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་དེ་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུར་སྨོན་འདུན་གནང་ཙང་ངོས་རང་རྒྱལ་ཁབ་ཀྱི་དགའ་སྤྲོ་བྱེད་པའི་དུས་ཆེན་དེ་དཔང་རྟགས་བྱེད་རྒྱུའི་འདུན་པ་ཡོད་ཅེས་གསུང་འདུག ཁོང་པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྐུ་མགྲོན་ལ་ཕེབས་རྒྱུའི་འཆར་གཞི་དེ་ཁོང་གི་གོང་རོལ་ཆོས་དཔོན་ཇོ་སེཕཱ་ཙེན་ཡིས་བཀའ་འཁྲོལ་ཐོབ་པ་ཞིག་ཡིན་པ་དང་ ཇོ་སེཕཱ་ཙེན་ནི་རྒྱ་ནག་གིས་མང་གཙོ་དང་ཆོས་དད་རང་དབང་གི་སྤྱོད་ཚུལ་ཐོག་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་རེད་ གནས་ཚུལ་འདིའི་ཐོག་ཧོང་ཀོང་གི་གནམ་བདག་ཆོས་ལུགས་ཀྱི་འགོ་འཁྲིད་རྣམས་ཀྱིས་གསལ་བཤད་གང་ཡང་གནང་མེད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎