མུན་ནག་གི་ཉིན་མོ་སྲུང་བརྩི་བརྒྱུད་རྒྱ་དམར་གྱི་དྲག་གནོན་ལ་ངོ་རྒོལ།


2020.08.29
མུན་ནག་གི་ཉིན་མོ་སྲུང་བརྩི་བརྒྱུད་རྒྱ་དམར་གྱི་དྲག་གནོན་ལ་ངོ་རྒོལ། ཤར་ཏུར་ཀིས་ཐན་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོChen Quanguo
ཨེ་ཨེཕ་པི།

ཨིན་ཡུལ་ནང་གི་བོད་མི་དང་འཛམ་གླིང་ཡུ་གུར་ཚོགས་པ་གཉིས་ཟུང་འབྲེལ་སྒོ་ནས་ཁ་ས་ཕྱི་ཚེས་༢༨་ཉིན་རྒྱལ་ས་ལོན་ཌོན་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་བོད་ནང་གི་བོད་མི་དང་ཤར་ཏུར་ཀིས་ཐན་གྱི་ཡུ་གུར་ཁ་ཆེའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་ཚབས་ཆེ་བཏང་བར་ཉིན་ནག་གི་ངོ་རྒོལ་ལས་འགུལ་སྤེལ་གནང་འདུག

རྒྱ་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིས་ཐན་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོChen Quanguo ཡིས་ཕྱི་ལོ་༢༠༡༡ནས་༢༠༡༦བར་བོད་རང་སྐྱོང་ལྗོངས་ཅེས་འབོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་འཁུར་ཡོད་པ་དང་ཁོ་པས་དེང་སྐབས་ཤར་ཏུར་ཀིས་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཅིག་ལྷག་ངལ་རྩོལ་བསྒྱུར་བསྐོས་རྭ་བའི་ནང་ཟུར་བཀག་བྱས་པ་དང་བེུད་ཀྱི་སྐྱེ་སྒོ་བཀག་པ་སོགས་ཡུ་གུར་མི་རིགས་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་ལྟར། དེ་སྔ་ཁོ་པས་བོད་ནང་ལ་ཡང་དྲག་གནོན་ཤུགས་ཆེ་བྱས་པ་དང་ད་ཆ་ཁོ་པ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩་པའི་དབུས་རྒྱུན་ཡིན་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲོད་ནས་གོ་གནས་ཨང་གཉིས་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས།        མ་འོངས་པར་ཁོ་པས་རྒྱ་ནག་དབུས་འཛིན་སྐྱོང་ཐོག་སྟངས་འཛིན་བྱེད་སྲིད་པ་རེད།        ཁོ་པ་ནི་བོད་དང་ཤར་ཏུར་ཀིས་ཐན་ནང་དབང་བསྒྱུར་བྱེད་མཁན་རྒྱ་མིའི་དཔོན་རིགས་སྡུག་རྩུབ་ཆེ་ཤོས་དེ་ཡིན་སྟབས། ཁ་ས་ཕྱི་ཚེས་༢༨སྟེ་གཟའ་པ་སངས་ཉིན་ཨིན་ཡུལ་ནང་གི་བོད་མིའི་སྤྱི་ཚོགས་དང་འཛམ་གླིང་ཡུ་གུར་གྲོས་ཚོགས་བཅས་མཉམ་འབྲེལ་སྒོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་ངོ་རྒོལ་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་རིང་གནང་འདུག  ཟླ་བ་སྔོན་མའི་ཚེས་༩་ཉིན་ཨ་མེ་རི་ཀའི་གཞུང་གིས་ཁྲེན་ཆོན་གོ་ལ་གོ་ལའི་Magnitsky Act ཞེས་པའི་ཁྲིམས་གཞི་བེད་སྤྱོད་བཏང་གནང་སྟེ་ཁོ་པ་ཨ་རིའི་ནང་ཡོང་འགྱུར་ཐོངས་མཆན་ལག་ཁྱེར་གནང་རྒྱུ་མིན་པ་སོགས་ཀྱི་དཔལ་འབྱོར་ཉེས་ཆད་བཀེལ་ཡོད་སྟབས། ཁོ་པའི་ཉེ་འབྲེལ་ཁག་ཀྱང་ཨ་རིའི་ནང་ཡོང་ཆོག་གི་མེད་པ་མ་ཟད་ཁོ་པ་དང་ཁོ་པའི་སྤུན་ཉེ་ཚོའི་དངུལ་སོགས་ཨ་རིའི་ནང་ཡོད་པ་དེ་དག་ཀྱང་བེད་སྤྱོད་མེད་པ་བཟོས་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་Mike Pompeo མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བ་ཁག་ལ་སྣང་མེད་བཏང་སྟེ་མ་བཞུགས་པར་ཡུ་གུར་ཁ་ཆེའི་མི་རིགས་དང་ཀ་ཛག་མི་རིགས་སོགས་ལ་བཙན་བཤེད་བཏང་སྟེ་ངལ་རྩོལ་སྐུལ་བ་དང་མི་མང་པོ་བསྡེབས་ལ་བཀག་ཉར་བྱས་པ། བཙན་བཤེད་བཏང་སྟེ་སྐྱེ་སྒོ་བཀག་པ། དེ་བཞིན་ཁ་ཆེའི་ཆོས་ལུགས་ལ་དད་པ་ཡོད་པ་རྩ་མེད་བཟོ་ཐབས་བྱེད་མཁན་ལ་ཉེས་ཆད་གཏང་རྒྱུ་ཡིན་ལུགས་གསུངས་པ་ལྟར་ལག་བསྟར་གནང་བཞིན་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎