བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་གནང་སོང་།

2024.04.18
བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་གནང་སོང་། བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་གནང་སྐབས། ༠༤།༡༨།༢༠༢༤
བསྟན་འཛིན་འོད་ཟེར། /RFA Dhasa

ཟླ་བ་འདིའི་ཕྱི་ཚེས་༡༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་བོད་སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ་ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོ་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་ལ་དཔྱད་པ་ཞེས་པ་རྩོམ་ཡིག་དང་། དེ་བཞིན་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཐེངས་གཉིས་ཉེན་གཡོལ་དུ་ཕེབས་པའི་བརྒྱུད་རིམ་ལ་ཞིབ་ལྟ་ཞེས་རྩོམ་ཡིག་དང་། གཞན་ཡང་སྦེང་ལོར་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་མཐོ་སློབ་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཉན་ཐར་ལགས་ཀྱིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་དུས་ཀྱི་དགེ་ལུགས་པའི་དགོན་སྡེའི་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་གླེང་བ་ཞེས་པའི་ལོ་རྒྱུས་ཀྱི་བརྩམས་ཆོས་ཁག་གསུམ་ཕྱོགས་བསྒྲིགས་ཞུས་པ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་དཔར་བསྐྲུན་འགྲེམས་སྤེལ་གྱི་དབུ་འབྱེད་གནང་ཡོད་པ་དང་། བཀའ་བློན་མཆོག་གིས། དེང་སྐབས་རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་འཛམ་གླིང་མི་མང་མགོ་བོ་རྨོངས་ཐབས་བྱེད་པའི་དུས་སྐབས་སུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདི་ལྟ་བུའི་དཔེ་དེབ་འགྲེམས་སྤེལ་ཐུབ་པ་དེས་བློ་ཟུ་བོར་གནས་པའི་ཉམས་ཞིབ་པ་ཚོར་ཕན་ཐོགས་ཡོང་རྒྱུའི་གནད་འགག་ཡོད་པ་སོགས་གསུངས་འདུག

Book on Tibet’s Gaden Phodrang Government (3).JPG
སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དེབ་མང་པོ་ཞིག་དཔར་བསྐྲུན་འགྲེམས་སྤེལ་གནང་བཞིན་ཡོད་པའི་ནང་ནས་ལོ་རྒྱུས་ཀྱི་དེབ་དཔར་བསྐྲུན་འགྲེམས་སྤེལ་གནང་བ་ནི་གལ་གནད་ཆེན་པོ་ཡིན་པ་གསུངས་པ་དང་མཉམ། འདི་ལྟ་བུའི་ལོ་རྒྱུས་ཀྱི་དཔེ་དེབ་བརྒྱུད་ནས་བོད་ཀྱི་རྩ་དོན་ཐོག་ནུས་པ་འདོན་པའི་དམིགས་ཡུལ་འཛིན་བཞིན་ཡོད་པ་མ་ཟད། མ་འོངས་པར་བོད་ཀྱི་ལོ་རྒྱུས་སོགས་ཀྱི་ཐད་ཞིབ་འཇུག་དང་རྩོམ་ཡིག་སྤེལ་མཁན་ཡོད་ཚེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གང་ཐུབ་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་འཆར་གཞི་ཡོད་པ་སོགས་གཏམ་བཤད་གནང་སོང་།
དེབ་དེ་བཞིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཞུ་དག་དང་སྔོན་གླེང་བརྩམས་གནང་ཡོད་ཅིང་། ཁོང་གིས་དེབ་དེའི་ནང་དོན་ཁག་ངོ་སྤྲོད་གནང་བ་དང་། འབུམ་རམས་པ་གཉན་ཐར་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་སྐབས་དགེ་ལུགས་པའི་དགོན་སྡེ་ཁག་གི་ལོ་རྒྱུས་དང་། ཁམས་ཚན་དེ་བཞིན་མི་ཚན་དང་བཅའ་ཡིག་སོགས་ཁོང་གི་བརྩམས་ཆོས་ནང་འཁོད་ཡོད་པ་དང་། རྩོམ་པ་པོ་གསུམ་པོ་ལོ་རྒྱུས་ཀྱི་ཐོག་ཉམས་ཞིབ་ཀྱི་འབུམ་རམས་པ་ཐོན་པ་ཡིན་དུས་ལོ་རྒྱུས་ཐོག་ལ་ལྟ་སྟངས་གནད་འགག་ཇི་ཡོད་གསལ་བཀོད་གནང་ཡོད་པ་གསུངས་ཡོད་པ་རེད།།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎