རྒྱ་གར་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་སྒོ་ཕྱེ་འདུག

2021-01-19
Share
རྒྱ་གར་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་སྒོ་ཕྱེ་འདུག རྒྱ་གར་ལ་དྭགས་སྤང་གོང་མཚོ་(Pangong Tso lake)
Reuters

རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་མུ་མཐུད་དུ་གནས་མུས་ཡིན་ཡང་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་སྒོ་ཕྱེ་འདུག
དེ་ཡང་འཕགས་བོད་གཉིས་ཀྱི་ས་མཚམས་ལ་དྭགས་ཕྱོགས་སུ། རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་ལོ་མང་བྱུང་བའི་ནང་། འདས་མ་ཐག་པའི་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༦པའི་ནང་ས་མཚམས་དང་འབྲེལ་རྙོག་གླེང་གདོང་ཐུག་ཛ་དྲག་བྱུང་བའི་ཁྲོད་རྒྱ་གར་གྱི་དམག་མི་༢༠ཡི་ཚེ་སྲོག་ཤོར་ཡོད་ཀྱང་རྒྱ་ནག་གི་ཕྱོགས་ནས་ཤི་རྨས་ཀྱི་གནས་ཚུལ་ཕྱི་བསྒྲགས་བྱས་མེད།
གནས་སྟངས་དེའི་འོག་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུ་སྒོ་རྒྱབ་ཡོད་ཀྱང་། ཟླ་ངོ་ཁ་ཤས་རྗེས་འདི་ཚེས་༡༠ཉིན་ལ་དྭགས་གཙོ་གཞུང་མངའ་སྡེ་ནས་སྤང་གོང་མཚོ་བསྐྱར་དུ་སྒོ་ཕྱེ་བ་དང་ཡུལ་འཁོར་སྤྲོ་འཆམ་པ་འགྲོ་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་འདུག ལ་དྭགས་(UnionTerritory)གཞུང་འམ་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་འོག་དུ་ཡོད་པ་ས་ཁུལ་གྱི་མངའ་སྡེ་གླེ་ཡི་རྫོང་དཔོན་(Sachin Kumar Vijay)གྱིས་གསུང་ན། ད་ལན་སྤང་གོང་མཚོ་ཁུལ་དུ་ཡུལ་འཁོར་སྤྲོ་འཆམ་པ་སྒོ་ཕྱེ་རྒྱུ་དེ་ས་མཚམས་རྙོག་གླེང་གྱི་ཐད་ལ་འབྲེལ་བ་མེད་ལ། རྒྱུ་མཚན་གཙོ་བོ་དེ་ལ་དྭགས་གྱི་ཡུལ་མི་ཕལ་ཆེ་བའི་འཚོ་བའི་གནས་སྟངས་ཡུལ་སྐོར་སྤྲོ་འཆམ་པ་དང་འབྲེལ་བ་ཡོད་དུས། ཏོག་དབྱིབས་ནད་ཡམས་ཀྱིས་མི་ཚང་མར་གྱོང་གུད་ཆེན་པོ་ཕོག་ཡོད་པས། ལ་དྭགས་ཀྱི་དགུན་དུས་སུ་འཁྱག་རོམ་དར་བཞུད་གོ་སྒྲིག་བྱེད་ཞོར་སྤང་གོང་མཚོ་སྒོ་ཕྱེ་ཡོད་པ་གསུང་ཡོད།
ལ་དྭགས་ཕྱོགས་སུ་ད་ལྟ་ཧ་ཅང་གྲང་ངར་ཆེ་བའི་དུས་ཡིན་པས་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་ལ་སླེབས་ཡོད་པ་དང་། སྤང་གོང་མཚོ་སྒོ་ཕྱེ་རྗེས་དེར་འཁྱག་རོམ་དར་ཤུད་ལ་སོང་བའི་ཨན་ཀི་ཏ་ཡིས་གསུང་ན། ཆོག་མཆན་ཞུས་བ་བརྒྱུད་སྤང་གོང་མཚོ་ཕྱོགས་སུ་སླེབས་ཚར་བའི་དུས། ས་མཚམས་གྱི་རྙོག་གླེང་འགྲོ་བསྡད་ཡོད་ཀྱང་སྤང་གོང་མཚོ་ཡི་ཕྱོགས་སུ་གནས་སྟངས་ཡག་པོ་ཡོད་པ་གསུང་སོང་།
སྤང་གོང་མཚོ་ནི་བོད་ཀྱི་མཐའ་མཚམས་ཕྱོགས་སུ་བརྒྱ་ཆ་༦༠དང་། རྒྱ་གར་ལ་དྭགས་ཕྱོགས་བརྒྱ་ཆ་༤༠ཆགས་ཡོད་པའི་ལ་དྭགས་གྲོང་ཁྱེར་གླེ་ནས་སྤྱི་ལེ་༢༢༢ལྷག་ཙམ་ཡོད་པའི་མཚོ་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།