རྒྱ་ནག་གི་མཐའ་སྲུང་དམག་མི་རྒྱ་གར་ནང་བཙན་འཛུལ་བྱས་འདུག

2014-09-18
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་ས་མཚམས་དང་ཐག་ཉེ་བའི་རྒྱ་གར་གྱི་མཐའ་མཚམས་འགག་སྒོ་འབུམ་བླར་འགག་སྒོའི་རྒྱ་གར་གྱི་དམག་མི། ༢༠༡༢།༡༠།༢༡
བོད་ཀྱི་ས་མཚམས་དང་ཐག་ཉེ་བའི་རྒྱ་གར་གྱི་མཐའ་མཚམས་འགག་སྒོ་འབུམ་བླར་འགག་སྒོའི་རྒྱ་གར་གྱི་དམག་མི། ༢༠༡༢།༡༠།༢༡
པར། AFP

རྒྱ་ནག་གི་སྲིད་འཛིན་གྱིས་རྒྱ་གར་ནང་འཚམས་གཟིགས་གནང་བཞིན་པའི་སྐབས་རྒྱ་ནག་གི་མཐའ་སྲུང་དམག་མི་རྒྱ་གར་བཙན་འཛུལ་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་མཆོག་ཉིན་གྲངས་གསུམ་རིང་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་གནང་ཆེད་ཕེབས་ཏེ་རྒྱ་གར་གྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་སྟེ་ཡུལ་གྲུ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་གནང་བཞིན་པའི་སྐབས་འདིར་རྒྱ་ནག་གི་མཐའ་སྲུང་དམག་མིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ཆུ་དམར་ས་ཁུལ་དུ་སྤྱི་ལེ་༥ཙམ་ཀྱི་སར་གློ་བུར་བཙན་འཛུལ་བྱས་ཡོད་པ་དང་། དེར་གདོང་ལེན་བྱ་ཆེད་རྒྱ་གར་གྱི་དམག་མིའི་དཔུང་སྡེ་ཁག་གསུམ་ཆེད་གཏོང་བྱས་ཡོད་ལུགས་རྒྱ་གར་གྱི་NDTV གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག དེའི་སྐོར་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་དམག་མིའི་དབུས་བསྟི་གནས་ཁང་ལ་བཀའ་འདྲི་གནང་སྐབས་གནས་སྟངས་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད་ཅེས་བཤད་འདུག
རྒྱ་གར་གྱི་སྲིད་བློན་Narendra Modi མཆོག་གིས་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་མཚམས་སུ་གློ་བུར་བཙན་འཛུལ་བྱས་པའི་གནད་དོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་གླེང་སློང་གནང་ཡོད་ལུགས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཡོད་ཀྱང་ཞིབ་གསལ་གནས་ཚུལ་བཀོད་མིན་འདུག རྒྱ་གར་དང་རྒྱ་ནག་གི་དབུ་ཁྲིད་རྣམ་གཉིས་དུས་ཡུན་སྐར་མ་༩༠ཙམ་རིང་མཇལ་འཕྲད་གནང་རྗེས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་ཡུལ་གྲུ་གཉིས་ཀྱི་ས་མཚམས་དཀའ་རྙོག་གང་མྱུར་སེལ་ཐབས་གནང་རྒྱུ་དང་ དཔལ་འབྱོར་མཉམ་ལས་གནང་རྒྱུ་ཡིན་ལུགས་གསུངས་བཞག དེ་བཞིན་རྒྱ་ནག་གི་རྒྱ་གར་གྱི་རི་ལིའི་ལས་གཞིའི་ཐོག་མ་འཛུགས་གནང་རྒྱུ་དང་། ཞི་བའི་ལས་གཞིའི་ཆེད་རྡུལ་ཕྲན་མཉམ་ལས་གནང་རྒྱུ་སོགས་ཀྱི་ཐོག་གྲོས་མཐུན་བྱུང་ཡོད་ལུགས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།