རྒྱ་ནག་གི་དཔོན་རིཊ་ཞིག་གི་སྤུན་མཆེད་ཀྱིས་ལྐོག་ཟ་བྱས་འདུག


2016.10.18
རྒྱ་ནག་དབུས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་འགན་འཛིན་བྱས་མྱོང་མཁན་ལིན་ཇིན་ཧ་(Ling Jihua) ༢༠༡༣ རྒྱ་ནག་དབུས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་འགན་འཛིན་བྱས་མྱོང་མཁན་ལིན་ཇིན་ཧ་(Ling Jihua) ༢༠༡༣
དྲ་བཤུས།

རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཞིག་གི་སྤུན་མཆེད་ཀྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་པ་ཁྲིམས་བཤེར་སྐབས་ངོས་ལེན་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོའི་ལས་བྱེད་མཐོ་གྲས་Ling Jihua་ཡི་སྤུན་མཆེད་Ling Zhengce་ཞེས་བས་འདི་ཚེས་༡༨་གཟའ་མིག་དམར་ཉིན་རྒྱ་ནག་Changzhou་མི་མང་ཁྲིམས་ཁང་ནང་ཁྲིམས་བཤེར་བྱས་པའི་སྐབས། ཁོ་བོས་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ཀ་མ་ཟིན་ཙམ་གྱི་ལྐོག་རྔན་བླངས་ཡོད་པའི་ངོས་ལེན་བྱས་པ་དང་ཆབས་ཅིག་ནག་ཉེས་ཐོག་འགྱོད་པ་ཡོད་ལུགས་བཤད་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གི་གནས་ཚུལ་ནང་བཀོད་ཐོན་བྱུང་བ་ཞིག་ཨེ་ཨེཕ་པི་གསར་ལས་ཁང་ནས་ལུང་འདྲེན་བྱས་འདུག
དེའི་གོང་ཕྱི་ཟླ་བདུན་པའི་ནང་ཁོ་བོའི་སྤུན་ལིང་ཇི་ཧའོ་ལའང་ལྐོག་ཟ་རུལ་སུངས་དང་། གོ་གནས་བེད་སྤྱོད་ལོག་པར་བཏང་བའི་ཉེས་མིང་འོག་བཙོན་བཅུག་ཉེས་ཆད་ཕོག་ཡོད་པ་བཅས་གང་ལྟར་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐོའི་སྐབས་ཀྱི་དབང་ཆ་ཧ་ཅང་ཆེ་བའི་དཔོན་རིགས་མཐོ་གྲས་ལིང་ཇི་ཧའོའི་ནང་མིའི་ཐོག་གཅིག་མཇུག་གཉིས་མཐུད་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ནས་ནག་ཉེས་ཕོག་ཏེ་ཁྲིམས་ཆད་ཕོག་ཡོད་པ་རེད་།
འོན་ཀྱང་ཁོ་པའི་སྤུན་མཆེད་Ling Wangcheng་ཞེས་པ་དེ་བཞིན་ཨ་མི་རི་ཀའི་ནང་བྲོས་བྱོལ་ཕྱིན་ཡོད་པ་དང་། ཁོ་པར་ལིང་ཇི་ཧའོས་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་གསང་བའི་གནད་དོན་གྱི་གཙོས་རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་ཡོད་པའི་གླེང་སློང་ཡང་བྱུང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎