འབར་མའི་འོས་བསྡུར་ཕྱིའི་གསར་འགོད་པ་ཡོང་མི་ཆོག་པ་བཟོས།

འབར་མའི་རྒྱལ་ཡོངས་འོས་བསྡུ་གནང་སྐབས་རྒྱལ་སྤྱིའི་འོས་བསྡུའི་རྟོག་ཞིབ་པ་དང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཡོང་མི་ཆོག་པ་བཟོས།

2010-10-18
Share

༄༅༎འབར་མའི་དྲག་པོའི་གཞུང་གིས་རིང་མིན་ཡུལ་དེའི་ནང་རྒྱལ་ཡོངས་འོས་བསྡུ་གནང་སྐབས་རྒྱལ་སྤྱིའི་འོས་བསྡུའི་རྟོག་ཞིབ་པ་དང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཡོང་མི་ཆོག་པ་བཟོས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་དེའི་འོས་བསྡུ་དེ་དྲང་བདེན་ཞིག་རྩ་བ་ནས་ཡོང་བཟོ་མེད་པའི་ཚོད་དཔག་དེ་མངོན་གསལ་ཆེ་རུ་ཕྱིན་ཡོད་པ་རེད་

་མི་རི་ཀ་དང་དབྱིན་ཡུལ་དང་ལྷོ་ཤར་ཨེ་ཤེ་ཡའི་ཁྱིམ་མཚེས་ཡུལ་གྲུ་ཁག་གིས་འབར་མའི་དྲག་པོའི་གཞུང་་ཡུལ་གྱི་ཕྱི་ཟླ་༡༡པའི་ཚེས་༧ཉིན་གྱི་འོས་བསྡུ་དེར་རང་དབང་ལྡན་པའི་འོས་བསྡུའི་རྟོག་ཞིབ་པ་གཏོང་བཅུག་དགོས་པའི་འབོད་བསྐུལ་གནང་ཡང་དེ་ལྟར་ཡོང་བཟོ་མེད་སྟབས་འོས་བསྡུ་དེས་དྲག་པོའི་གཞུང་གིས་ཞི་བའི་མི་སེར་གྱི་རྣམ་པའི་ཐོག་གི་གཞུང་ཞིག་ཟིན་རྒྱུའི་གཡོ་བྱུས་དེ་མངོན་གསལ་ཆགས་རྒྱུ་ཡིན་པ་རེད་

འབར་མའི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཐིཡེན་སོ་ཡིས་ང་ཚོར་ཕྱི་རྒྱལ་གྱི་འོས་བསྡུའི་ཐོག་རྟོག་ཞིབ་གནང་མཁན་མི་དགོས། ང་ཚོར་འོས་བསྡུའི་ལས་བཞག་ཐོག་ཉམས་མྱོང་ཆ་ཚང་བ་ཡོད་ཅེས་བརྗོད་ཡོད་པ་རེད་ དེ་བཞིན་ཁོང་གིས་འོས་བསྡུའི་ཁྲིམས་གཞི་ཁག་ལག་བསྟར་དང་ཁྲིམས་གཞི་་སྙོམ་ཞིང་གོ་ཚོད་སླ་བ་ཡོད་སྐོར་ཡང་བརྗོད་ཡོད་པ་རེད་

་ཐེངས་ཀྱི་འབར་མའི་ནང་གི་འོས་བསྡུ་དེ་ཕྱི་ལོ་༡༩༩༠ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཁན་ལྕམ་ཨན་སན་སུ་ཅི་ཡི་དམངས་གཙོ་མནའ་འབྲེལ་ཚོགས་པར་འོས་བསྡུའི་ཐོག་རྒྱལ་ཁ་ཤུགས་ཆེ་ཐོབ་ཀྱང་ཡུལ་གྱི་དྲག་པོའི་གཞུང་གིས་འོས་བསྡུ་དེ་རྩིས་མེད་བཏང་བའི་རྗེས་འོས་བསྡུ་དེ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་ ད་ཐེངས་ཀྱི་འབར་མའི་ཡུལ་ནང་གི་རྒྱལ་ཡོངས་འོས་བསྡུ་དེར་སྐྱོན་བརྗོད་གནང་མཁན་རྣམས་ཀྱིས་དྲག་པོའི་གཞུང་གི་དམག་དཔོན་རྣམས་ཀྱིས་འོས་བསྡུའི་ལས་འགུལ་ཐོག་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་ཡོད་མ་ཟད་འོས་བསྡུ་ཁོ་པ་ཚོའི་འོས་དམིགས་ཚོར་འོས་བསྡུ་ཐོབ་རྒྱུའི་ངན་བྱུས་གཏིང་ཡོད་སྐོར་དང་གྲོས་ཚོགས་ནང་ཁོ་པ་ཚོའི་མི་ཤ་སྟག་སླེབས་རྒྱུའི་ཚོད་དཔགས་གནང་གི་ཡོད་པ་རེད་     

ཉེ་སྔོན་ཕྱི་ཟླ་༧པའི་ནང་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱིས་ཡུལ་གྱི་འོས་བསྡུ་དེ་དྲང་ཚུགས་ལྡན་པ་ཞིག་ཡོང་རྒྱུའི་ཆེད་འོས་བསྡུའི་རྟོག་ཞིབ་མི་སྣ་གཏོང་རྒྱུའི་ཁས་ལེན་གནང་ཡང་དེར་འབར་མའི་དྲག་པོའི་གཞུང་གིས་ངོས་ལེན་གནང་མེད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།