ཆབ་མདོར་འགྲུལ་སྐྱེལ་རླངས་འཁོར་རྫ་ཆུར་ལྷུངས་བའི་རྐྱེན་ངན།

ཆབ་མདོའི་ཁུལ་དུ་འགྲུལ་པ་འོར་འདྲེན་བྱེད་ཡུལ་གྱི་རླངས་་འཁོར་ཞིག་རྫ་ཆུ་གཙང་པོའི་ནང་ལྷུང་ནས་མི་༡༢་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག

2011-12-13
Share

༄༅༎བོད་ཀྱི་ཆབ་མདོའི་མངའ་ཁུལ་དུ་འགྲུལ་པ་འོར་འདྲེན་བྱེད་ཡུལ་གྱི་རླངས་་འཁོར་ཞིག་རྫ་ཆུ་གཙང་པོའི་ནང་ལྷུང་ནས་མི་བཅུ་གཉིས་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ཤོག་ནང་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་དྲུག་ཉིན་ཆབ་མདོ་ཁུལ་འགྲུལ་པ་འོར་འདྲེན་བྱེད་སའི་བྷ་སེ་འམ་རླངས་་འཁོར་ཞིག་རྫ་ཆུ་གཙང་པོའི་ནང་ལྷུང་བ་དང་། དེའི་ནང་གི་འགྲུལ་པ་བཅུ་དགུ་ཡོད་པ་ནས་བཅུ་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ལྔ་ད་ལྟའི་ཆར་གར་ཡོད་ཤེས་རྟོག་བྱུང་མེད་པ་རེད། འོན་ཀྱང་བྷ་སེ་གཏོང་མཁན་ཁ་ལོ་བ་དང་། འགྲུལ་པ་གཞན་ཞིག་རྨས་སྐྱོན་ཕྲན་བུ་ལས་ཕོག་མེད་པའི་གནས་ཚུལ་བཀོད་འདུག ཤིན་ཧ་གསར་འགྱུར་ནང་མུ་མཐུད་ནས་བཀོད་པར་ལྟར་ན། འགྲུལ་པ་འདས་གྲོངས་་གྱུར་བའི་ཁོངས་ནས་དྲུག་ཆབ་མདོའི་ས་གནས་ཡུལ་མི་ཡིན་པ་དང་། གཞན་པ་དེ་དག་ཉེ་འཁོར་གྱི་ས་གནས་ནས་ཡིན་འདུག སྤྱིར་བཏང་བོད་ཀྱི་ས་ཁུལ་མང་པོའི་ནང་། འགྲུལ་ལམ་ཡག་པོ་མེད་སྟབས་བྷ་སེ་དང་། མོ་དྲ་ཆུང་ཆུང་བརྡབ་སྐྱོན་དང་། གཡང་གཟར་དང་། གཙང་ཆུར་ལྷུང་བའི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།