༸གོང་ས་མཆོག་གི་མཛད་འཆར་ཁག་དབུ་འཛུགས་གནང་འཆར།

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཞིང་མཛད་འཆར་ཁག་སང་ཉིན་ནས་དབུ་འཛུགས་གནང་འཆར་ཡོད་འདུག
2008-09-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདས་པའི་བདུན་ཕྲག་འགའ་ཤས་ནས་བཟུང་ཅུང་སྐུ་ཁམས་བདེ་མིན་གྱིས་རྐྱེན་པས་སྐུའི་བླ་སྨན་པ་རྣམས་ཀྱིས་བཀའ་སློབ་ཕུལ་དོན་བཞིན་སྐུ་ངལ་གསོ་ཆེད་སུད་སི་དང་འཇར་མན་སོགས་ཡུ་རོབ་ཡུལ་གྲུ་ཁག་ཅིག་ལ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཁག་ཅིག་ཕྱིར་བསྡུ་གནང་ཡོད་པ་རེད།

འོན་ཀྱང་ད་ཆ་སྐུ་ཁམས་གསལ་ཐང་ཡོད་པ་མ་ཟད་སང་ཉིན་ཚེས་ཉི་ཤུ་ལྔ་ནས་བཟུང་ཉིན་གྲངས་གསུམ་རིང་སིང་ག་པུར་མི་རིགས་ཁག་ཅིག་ལ་གསུངས་ཆོས་བཀྲིན་སྩལ་རྒྱུ་དབུ་འཛུགས་གནང་གི་ཡོད་ལུགས་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་གསུངས་གནང་འདུག ཡང་ཁོང་གིས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨན་པ་རྣམས་ཀྱིས་ཞུས་དོན་བཞིན་ཡང་སེ་འགྲུལ་བཞུད་གནང་རྒྱུ་གནས་སྐབས་ཕྱིར་འཐེན་གནང་ཡོད་ཀྱང་བཞུགས་སྒར་ཁུལ་གྱི་མཛད་འཆར་ཁག་སང་ཉིན་ནས་དབུ་འཛུགས་གནང་གི་ཡོད་རེད་ལ་ཁ་ས་ཨ་རིའི་སྲིད་འཛིན་མཆོག་ནས་ཀྱང་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་སྐོར་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་ལུགས་ཀྱང་གསུངས་འདུག

མཛད་འཆར་གཞིར་བཟུང་ཉིན་གྲངས་གསུམ་རིང་སིང་ག་པུར་གྱི་ཆོས་ཞུ་བ་ཚོའི་གསུངས་ཆོས་གྲུབ་གནང་བའི་རྗེས་སུ་ཐའེ་ལྦན་རྒྱ་རིགས་ཁག་ཅིག་ལ་གསུངས་ཆོས་གནང་རྒྱུའི་ཆོས་འབྲེལ་མཛད་འཆར་ཁག་ཅིག་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།