རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་གསུངས་ཆོས་བསྩལ་རིང་ཚོང་ཡག་པོ་འདུག


2018.01.24
རྡོ་རྗེ་གདན་གྱི་བོད་པའི་ཐང་ཁྲོམ་ཚོང་རྭ། ༢༠༡༨།༡།༢༣ རྡོ་རྗེ་གདན་གྱི་བོད་པའི་ཐང་ཁྲོམ་ཚོང་རྭ། ༢༠༡༨།༡།༢༣
RFA

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དང་། ནང་པའི་ཆོས་བརྒྱུད་ཆེན་པོ་ཁག་གི་སྨོན་ལམ་ཆེན་མོ་སོགས་ཡོད་སྐབས་བོད་པའི་ཚོང་པ་མང་པོས་བོད་པའི་ཐང་ཁྲོམ་ཚོང་རྭ་ཞེས་པ་ཞིག་བཙུགས་ནས་ཚོང་གཉེར་བཞིན་ཡོད་འདུག
དེ་ཡང་བོད་པའི་ཚོང་པ་དེ་དག་གིས་སོ་སོའི་འཚོ་བའི་ཆེད་བོད་པའི་རིག་གཞུང་དང་འབྲེལ་བའི་མཆོད་རྫས་རིགས་འདྲ་མིན་དང་། སྐུ་ཐང་དང་སྐུ་འདྲ་སོགས་བླུ་ཡོན་ཕུལ་བཞིན་ཡོད་ལ། དེ་བཞིན་རྒྱན་ཆའི་རིགས་དང་། ཟས་རིགས་སྣ་ཁ་འདྲ་མིན་སོགས་ཀྱང་ཚོང་བསྒྱུར་བྱེད་བཞིན་ཡོད་འདུག
དེ་སྔ་བོད་པའི་ཚོང་པ་དེ་དག་སོ་སོས་སྒེར་ངོས་ནས་ལམ་གྱི་གཡས་གཡོན་དང་། གསུང་ཆོས་རྭ་བའི་གཡས་གཡོན་བཅས་ལ་གཞུང་ཕྱོགས་ཀྱི་ཆོག་མཆན་མེད་པའི་ཐོག་ཚོང་གཉེར་གྱི་ཡོད་དུས་བོད་པའི་ཚོང་པ་དེ་དག་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་དང་། དཀའ་ངལ་དེ་དག་སེལ་པའི་ཆེད་དུ་ལོ་གསུམ་གྱི་གོང་བོད་པའི་ཚོང་པ་ཚང་མ་མཉམ་རུབ་ཐོག་བོད་པའི་ཐང་ཁྲོམ་ཚོང་པ་ཞེས་པ་ཞིག་བཙུགས་ཏེ། ཐོུང་གི་ས་གནས་འབྲེལ་ཡོད་ལས་ཁུངས་སུ་འབྲེལ་གཏུག་བྱས་པ་བརྒྱུད་ད་ལྟའི་ཐང་ཁྲོམས་བྱ་ཡུལ་གྱི་ས་ཆ་འདི་ཐོབ་པ་ཞིག་ཡིན་འདུག
བོད་པའི་ཐང་ཁྲོམ་ཚོང་རྭ་དེའི་ནང་ཚོང་ཁང་༡༦༠་ཙམ་ཡོད་པ་དང་། ཁོང་རྣམས་ཕལ་ཆེ་བ་རྒྱ་གར་ལྷོ་ཕྱོགས། བཞུགས་སྒར་དྷ་རམ་ས་ལ། ལ་དྭགས། འབྲུག། བལ་ཡུལ་བཅས་ནས་ཡིན་པ་དང་། འདི་ལོའི་རྒྱ་གར་ས་གནས་གྲོང་སྡེ་ལས་ཁུངས་ཀྱིས་བོད་མི་དེ་དག་གི་ཁྲོམ་སའི་ཆེད་གསུང་ཆོས་རྭ་བའི་ཉེ་འདབས་སུ་ས་ཆ་གནང་ཡོད་པ་དང་། བོད་པའི་ཐང་ཁྲོམ་ཚོང་པའི་སྒྲིག་གཞི་གཞིར་བཟུང་། ཚོགས་པ་དེའི་ནང་གི་ཚོགས་མི་ཚོས་ཚོང་རྭ་དེའི་ནང་དུ་མ་གཏོགས་གཞན་ལམ་གྱི་གཡས་གཡོན་དུ་ཚོང་གཉེར་མི་ཆོག་པ་ཡིན་འདུག། གནས་མཆོག་རྡོ་རྗེ་གདན་དུ་བོད་པའི་ཐང་ཁྲོམ་ཚོང་རྭའི་ཡུལ་མིའི་དཀའ་ངལ་དང་གཞན་ས་ཆའི་དཀའ་ངལ་གང་འདྲ་ཞིག་འཕྲད་རུང་། ཁོ་ཚོའི་བདེ་སྡུག་ཞུ་ས་གཙོ་བོ་ནི་རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་དགའ་ལྡན་འཕེལ་རྒྱས་གླིང་ཡིན་འདུག

གསར་འགོད་པ་པ་སངས་ཚེ་རིང་། ཕབ་བཤུས་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎