རྒྱ་ནག་གི་དངོས་ཟོག་ཉོ་ཚོང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

2016-10-28
གློག་འཕྲིན།
མཆན།
Share
པར་བཀོད།
བྷེང་ལོར་གྲོང་ཁྱེར་ནང་རྒྱ་ནག་གི་ཅ་དངོས་ཉོ་ཚོང་ལ་ངོ་རྒོལ་ལས་འགུལ་སྐབས། ༢༠༡༦།༡༠།༢༧
བྷེང་ལོར་གྲོང་ཁྱེར་ནང་རྒྱ་ནག་གི་ཅ་དངོས་ཉོ་ཚོང་ལ་ངོ་རྒོལ་ལས་འགུལ་སྐབས། ༢༠༡༦།༡༠།༢༧
RTYC/Bangalore

རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་བྷེང་ལོར་གྲོང་ཁྱེར་ནང་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ས་གནས་རྒྱ་གར་ཡུལ་མིས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་འདུག
ད་ལོའི་སྤྱི་ཟླ་༦་པའི་ནང་ལྷོ་ཀོ་རི་ཡའི་རྒྱལ་སར་ཚོགས་གནང་བའི་རྡུལ་ཕྲན་མཚོན་ཆ་མཁོ་འདོན་ཚོགས་ཁག་གི་ལྷན་ཚོགས་ཐོག་རྒྱ་ནག་གིས་ངོ་རྒོལ་བྱས་པར་བརྟེན་རྒྱ་གར་ཚོགས་ཁག་དེའི་ཚོགས་མི་རྒྱལ་ཁབ་ཏུ་གྱུར་ཐུབ་མེད་པ་དང་། དེ་བཞིན་པ་ཀི་སི་ཐན་དུ་ཡོད་པའི་ཁ་ཆེའི་མི་ལ་ནཱ་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་རུ་ཚོགས་ཤིག་ཡིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་བྱེད་རྒྱུར་རྒྱ་ནག་གི་ངོས་ལེན་མ་བྱས་པར་བརྟེན་དེ་ཡང་ལམ་ལྷོང་བྱུང་མེད་པ་ལ་སོགས་པའི་རྒྱུ་རྐྱེན་གྱིས་རྒྱ་གར་དམངས་ཁྲོད་དང་། ལྷག་དོན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་དུ་རྒྱ་ནག་གི་བཅའ་དངོས་རྒྱ་གར་ནང་དུ་ཉོ་ཚོང་འགྲེམས་འཇོག་བྱེད་རྒྱུར་ངོ་རྒོལ་དང་འགོག་ཐབས་ཀྱི་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ས་གནས་སུ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་འདི་ཚེས་༢༧་རེས་གཟའ་ཕུར་བུའི་ཉིན་བྷེང་ལོར་གྲོང་ཁྱེར་དུ་སླེབས་ལ་ཉེ་བའི་རྒྱ་གར་གྱི་Diwali་དུས་སྟོན་སྐབས་རྒྱ་ནག་ནས་ནང་འདྲེན་བྱས་པའི་རིན་སྐོར་ཆུང་ཆུང་གི་ཤོག་སྦག་ལ་སོགས་པའི་བཅའ་དངོས་མི་ཉོ་རྒྱུར་སྐུལ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ལས་འགུལ་གོ་སྒྲིག་པས་བརྗོད་དོན། ཐེངས་འདིའི་ལས་འགུལ་སྐབས་རྒྱ་གར་གྱི་ཡུལ་མི་ཚོར་ཡིག་ཆ་འགྲེམས་སྤེལ་དང་། ལས་འགུལ་གྱི་དམིགས་ཡུལ་ངོ་རྒོལ་སོགས་ཕྱོགས་གང་ས་ནས་ཡག་པོ་ཆགས་ཡོད་པ་མ་ཟད། ལས་འགུལ་སྤེལ་སྐབས་བྷེང་ལོར་གྲོང་ཁྱེར་ནང་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་ལྟ་སྐོར་བའང་མང་པོ་མཐོང་རྒྱུ་ཡོད་པས་ཁོང་ཚོར་ལའང་གནས་ཚུལ་ངོ་སྤྲོད་གནང་བ་ཡིན་ཞེས་གསལ་སྟོན་གནང་འདུག ད་དུང་ད་རེས་ཀྱི་ལས་འགུལ་དེའི་ཁྲོད་ས་གནས་མི་མང་གི་ངོས་ནང་ཀྱང་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་གསུངས་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་དབྱངས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།