ཁེ་ན་ཌ་གཞུང་ནས་བོད་མིའི་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར།

ཁེ་ན་ཌ་གཞུང་གིས་རྒྱ་ནག་གཞུང་ལ་བོད་མི་ཚོར་ཆོས་དང་རིག་གཞུང་གཅེས་སྐྱོང་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན།

2012.12.15

༄༅༎ཕྱི་ལོ་ ༢༠༡༢ ཟླ  ༡༢ ཚེས་༡༤ ཉིན། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚན་པའི་བློན་ཆེན་སྐུ་ཞབས་ཇོན་བྷེར་ཌི་མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། བོད་མིས་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། དེར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེ་རུ་བཏང་བའི་རྐྱེན་གྱིས་གནས་སྟངས་དེ་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། ང་རང་ལ་ཧ་ཅང་སེམས་འཚབ་ཡོད་ཅེས་དང་། ཁེ་ན་ཌ་གཞུང་གིས་བོད་མིའི་སྨྲ་བརྗོད་དང། འདུ་འཛོམས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་དང༌། རང་སྲེག་ཐོག་ནས་རང་གི་མངོན་འདོད་བསྒྲུབ་ཐབས་བྱས་པ་དེས་། བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་ལ་བརྩི་མཐོང་ཆེན་པོ་ཡོད་པ་གསལ་པོ་ཆགས་པར་བརྟེན། རྒྱ་ནག་གཞུང་གིས་བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་གཅེས་སྐྱོང་བྱ་རྒྱུའི་ཐོབ་ཐང་སྤྲོད་དེ་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་བྱེད་དགོས་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་སྐུ་ཚབ་འཐུས་མི་དང་གསར་འགོད་པ་འགྲོ་བཅུག་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་བོད་ཀྱི་གནད་དོན་སེལ་ཆེད་གཉིས་ཕན་ཐབས་ལམ་ཐོག་ནས་གྲོས་མོལ་ཡོང་ཐབས་བྱེད་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་དབྱར་དུས་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎