ཁེ་ཎ་ཌས་རྒྱ་ནག་གི་བྱ་སྤྱོད་ལ་བལྟས་ནས་སྔར་བཞིན་མུ་མཐུད་དུ་གདོང་ལེན་བྱེད་རྒྱུ་ཟེར།

2021.09.27
ཁེ་ཎ་ཌས་རྒྱ་ནག་གི་བྱ་སྤྱོད་ལ་བལྟས་ནས་སྔར་བཞིན་མུ་མཐུད་དུ་གདོང་ལེན་བྱེད་རྒྱུ་ཟེར། ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་(Marc Garneau)་ལགས།
Reuters

རོའུ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་(Marc Garneau)་གྱིས་(CBC)་བརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས། རྒྱ་ནག་དང་འབྲེལ་བ་རྒྱུན་ལྡན་བཞིན་སླར་གསོ་ཡོང་ཐབས་སུ་མཉམ་གནས་དང་། མཉམ་འབྲེལ། འགྲན་རྩོད། གདོང་ལེན་བཅས་གནད་དོན་བཞིའི་ཐོག་ནས་འཐབ་ཇུས་འཛིན་རྒྱུ་ཡིན། དཔེར་ན། ཚོང་འབྲེལ་གྱི་ཐོག་ནས་འགྲན་རྩོད་དང་། གནམ་གཤིས་འགྱུར་ལྡོག་ཐད་མཉམ་འབྲེལ། ཡང་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་བ་སོགས་ཀྱི་ཐོག་དམ་དྲག་སྟངས་འཛིན་བྱེད་སྟངས་ལ་གཞིགས་ནས། ང་ཚོས་སྔར་བཞིན་གདོང་ལེན་བྱེད་རྒྱུ་ཡིན་ཞེས་གསུངས་ནས། གང་ལྟར་རྒྱ་ནག་དང་མཉམ་འབྲེལ་བ་སླར་གསོ་ཡོང་ཐབས་སུ་མ་འོངས་པར་འབྲེལ་བ་བྱེད་པའི་སྐབས་གཟབ་གཟབ་གནང་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག དེའི་ཐད་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Garnett Genuis)་ལགས་སུ་ཡིག་ཐོག་བཀའ་འདྲི་ཞུས་པར། ཁོང་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པར་བློ་འཚབ་ཡོད་པ་དང་། རྙིང་ཞེན་ཚོགས་པས་བོད་རྒྱ་གྲོས་མོལ་གནང་དགོས་པའི་གྲོས་འཆར་ཞིག་བཏོན་གནང་ཡོད་པ་ལ་འགྲོ་བ་མིའི་ཐོབ་ཐང་ལ་རྟག་ཏུ་རྒྱབ་སྐྱོར་གནང་གི་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།

FAOTFp3XIAw2C6m.jpg
ཁེ་ཎ་ཌ་དང་རྒྱ་ནག་གཉིས་བར་ལོ་ངོ་གསུམ་སྔོན་ནས་བཟུང་འབྲེལ་བའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་རྒྱུ་མཚན་གཅིག་ནི། རྒྱ་ནག་གི་འཕྲུལ་ལས་བཟོ་ཚོང་ལས་ཁང་(Huawei)་ཞེས་པ་དེའི་སྦྱིན་བདག་གཙོ་བོ་(Ren Zhengfei)་ཞེས་པ་དེའི་བུ་མོ་ཡིན་པ་མ་ཟད། བཟོ་ཚོང་ལས་ཁང་དེའི་འཛིན་སྐྱོང་འགན་འཛིན་(Meng Wanzhou)་ཁེ་ཎ་དའི་ནང་འཛིན་བཟུང་དོ་དམ་བྱས་པའི་གནད་དོན་གྱི་ཐོག་ནས་ཡིན་པ་དང་། ལྷག་པར་དུ་ཁོ་མོ་དོ་དམ་བྱས་པའི་རྗེས་སུ་རྒྱ་ནག་གིས་ཁེ་ཎ་དའི་མི་སེར་ཡིན་པའི་(Michael Kovrig)་དང་། (Michael Spavor)་གཉིས་ཀྱིས་སོ་ཉུལ་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་དོ་དམ་དང་རིམ་པས་ཁོང་གཉིས་ལ་བཙོན་བཅུག་གི་ཁྲིམས་ཆད་ཀྱང་བཏང་བ་སོགས་ཀྱི་གནད་དོན་ཐོག་ནས་ཡིན་པ་རེད།
འོན་ཀྱང་འདས་པའི་གཟའ་པ་སངས་ཉིན། གོང་ཞུས་བཟོ་ཚོང་ལས་ཁང་ཧྭའ་ཝེ་ཡི་འགན་འཛིན་མེང་ཝན་ཀྲའོ་རྒྱ་ནག་ལ་ཕྱིར་ལོག་བཏང་བ་དང་། གཟའ་སྤེན་པའི་ཉིན་ཁེ་ན་དྲའི་མི་སེར་གཉིས་ཁེ་ཎ་ཎར་ཕྱིར་ལོག་བཏང་ཡོད་པ་རེད། ཡིན་ན་ཡང་ད་རེས་ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་ནག་མཉམ་མ་འོངས་པར་འབྲེལ་བ་བྱེད་ཕྱོགས་ལ་སྔར་དང་མི་འདྲ་བར་གཟབ་ནན་གནང་རྒྱུའི་བརྡ་ལན་གསལ་པོ་སྤྲད་གནང་ཡོད་པ་རེད།
དེ་བཞིན་འདི་ཚེས་༢༧་ཉིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་(Meng Wanzhou)་ ཁེ་ཎ་ཌ་ནས་ཕྱིར་རྒྱ་ནག་ཏུ་ལོག་བཅུག་པ་དེས་ད་ཆ་ཡུལ་གྲུ་གཉིས་བར་འབྲེལ་ལམ་བསྐྱར་གསོ་བྱེད་རྒྱུའི་གོ་སྐབས་ཞིག་བསྐྲུན་པ་རེད་ཅེས་བརྗོད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎