ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་Consiglio Di Nino ལགས་ནས་ཁོང་སྐུ་ཚེ་གསོན་རིང་བོད་ལ་རང་དབང་མ་ཐོབ་ཀྱི་བར་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུང་འདུག

2024.09.28
ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་Consiglio Di Nino ལགས་ནས་ཁོང་སྐུ་ཚེ་གསོན་རིང་བོད་ལ་རང་དབང་མ་ཐོབ་ཀྱི་བར་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུང་འདུག
ཨུ་རྒྱན།

འདི་ཟླའི་ཚེས་ཉི་ཤུ་བདུན་ཉིན་བོད་ནང་སྤྱི་ལོ་༡༩༨༧ ནས་༨༩ བར་དུ་ཞི་བའི་ངོ་རྒོལ་དྲན་གསོ་སླད་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་གི་ས་གནས་St.George རུ་བརྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་དོན་གཅོད་ལས་ཁུངས་མདུན་བོད་མི་བརྒྱད་ཅུ་ལྷག་ཙམ་ཞིག་གིས་ངོ་རྒོལ་སྐད་འབོད་གནང་བ་བཞིན་ཁེ་ཎ་ཌ་དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཁོན་སིག་ལེའུ་ཌི་ཎེ་ནོ་ལགས་ནས།ཁོང་རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་སྐོར་དང་བོད་ནང་རྒྱ་གཞུང་གི་སྡུག་རྩུབ་ཀྱི་སྲིད་ཇུས་ཁག་ལ་ངོ་རྒོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད་རྒྱལ་སྤྱི་ནང་དུ་འཐེར་འདོན་གནང་དགོས་པ། དེ་བཞིན་ཁོང་རང་འཚོ་བའི་རིང་བོད་ནང་རང་དབང་མ་འཐོབ་ཀྱི་བར་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་སོང་།

ཡང་ཨོན་ཏྲེ་རི་ཡོ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་༡༩༨༧ དང་༡༩༨༨ ༡༩༨༩ བཅས་སྔ་རྗེས་སུ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་གཙོ་བྱས་ཀྱི་བོད་ནང་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་བར་གཞིགས་ནས་རྒྱ་གཞུང་གིས་སྲིད་བྱུས་འོག་སྐུ་སྲོག་ཤོར་བ་དང་བཙོནའཇུག་བྱས་པ། དེ་བཞིན་ཉེས་བརྡུང་བཏང་བའི་བོད་མི་ཚོར་དྲན་གསོ་དང་རང་རེའི་གཞོན་སྐྱེས་ཚོར་གོ་རྟོགས་བསྐྲུན་ཐབས་དང་ལྷན་དུབོད་མི་རིགས་དང་སྐད་ཡིག་རྩ་བརླག་གཏོང་མུས་ཀྱི་གནས་སྟངས་ཛ་དྲག་ཡིན་པ་དང་། བོད་ལ་རང་དབང་དགོས་པ་། བོད་ཀྱི་མིང་Xizang མིན་པ་།ལྷ་སའི་ཞི་རྒོལ་ནམ་ཡང་དྲན་པ་མ་བརྗེད་། བོད་ཀྱི་བདག་པོ་བོད་མི་ཡིན་། ༧གོང་ས་མཆོག་སྐུ་ཚེ་བརྟན་པ་ཤོག་བཅས་ཀྱི་ཞི་བའི་སྐད་འབོད་གནང་བཞིན་ཡོད་པ་འབྲེལ་བརྗོད་གནང་བྱུང་དེ་མིན་ལས་འགུལ་ནང་མཉམ་བཞུག་གནང་མཁན་ཕུར་བུ་ལྷ་མོ་ལགས་ནས་ཞི་རྒོལ་གྱི་དྲན་གསོ་དེ་དང་སྟབས་བསྟུན་བོད་ནང་གིས་རྫ་དྲག་གནས་སྟངས་མཁྱེན་པའི་ཐོག་།བོད་མི་ཚོས་སོ་སོས་གང་ཐུབ་ཀྱི་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་གལ་ཆེ་བའི་སྐོར་དང་།ཁོང་གི་ནང་མིས་ལྷག་དཀར་ནམ་ཡིན་ལ་རྒྱ་གཞུང་གི་དོན་གཅོད་ལས་ཁུངས་མདུན་སྐད་འབོད་གནང་བཞིན་ཡོད་པ་སོགས་ཀྱི་ངོ་སྤྲོད་གནང་བྱུང་།དེ་དང་ཆབ་གཅིག་བསྟན་འཛིན་ནོར་སྒྲོན་ལགས་ནས་བོད་ནང་ཞི་རྒོལ་བྱས་ནས་སྔ་རྗེས་སུ་ཚེ་སྲོག་ཤོར་བ་དང་བཙོན་འཇུག་འོག་དཀའ་སྡུག་མྱོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བོད་མིང་Xizang མིན་པའི་སྐོར་སྐད་འབོད་གནང་བར་ཕེབས་པ་ཡིན་ཅེས་གསུང་བྱུང།

དྲན་གསོ་ལས་འགུལ་དེར་ས་གནས་བོད་མི་བརྒྱད་ཅུ་ལྷག་ཙམ་ཞིག་ནས་ལྷན་བཞུགས་གནང་ཡོད་པ་དང་།རྒྱ་གཞུང་གི་བྱ་སྤྱོད་ཁག་འཐེར་འདོན་དང་ས་གནས་ཀྲོ་རོན་ཀྲོ་གྲོང་འཁྱེར་གནད་སྡོད་མི་རིགས་གཞན་ཚོར་བོད་དོན་གོ་རྟོགས་སྤེལ་ནས་རྒྱབ་སྐྱོར་ཐོབ་སླད་དུ་དམིགས་སྐོར་དང་།བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་བོད་ནང་གི་ཞི་བའི་ངོ་རྒོལ་ཁག་གི་གལ་གནད་སྐོར་མཁྱེན་གལ་ཆེ་བ་དང་ཆབས་གཅིག་མི་རབས་གཞོན་པ་ཚོས་བོད་པའི་བདེན་མཐའ་སེལ་བར་་བོད་ཀྱི་ལོ་རྒྱུས་ཁག་ཤེས་གལ་ཆེ་བ་སོགས་ནས་སྐད་འབོད་ཀྱི་ལས་འགུལ་དེ་བཞིན་སྤེལ་བ་ངོ་སྤྲོད་གནང་བྱུང།


གསར་འགོད་པ། ཨུ་རྒྱན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ཞེས་པ་(Busan)་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་གཟིགས་འབུལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎