༧གོང་ས་མཆོག་གི་གསུངས་ལ་བསམ་ཞིབ་བྱ་རྒྱུའི་དུས་ཚེས་བཟང་པོ་ཡིན།

2016-02-10
གློག་འཕྲིན།
མཆན།
Share
པར་བཀོད།
ཁེ་ན་ཊའི་རིག་གཞུང་བློན་ཆེན་ལྕམ་Melanie Joly ༢༠༡༥།༡༢
ཁེ་ན་ཊའི་རིག་གཞུང་བློན་ཆེན་ལྕམ་Melanie Joly ༢༠༡༥།༡༢
youtube

དེ་ཡང་ཁ་ས་ཚེས་༩བོད་ཀྱི་གནམ་ལོ་གསར་དུ་ཚེས་བའི་ལོ་གསར་ཚེས་༡ཉིན། ཁེ་ན་ཊའི་རིག་གཞུང་བློན་ཆེན་ལྕམ་Melanie Jolyགིས་འཚམས་འདྲིའི་གསུངས་འཕྲིན་ཞིག་གནང་ནས། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཡོངས་ལ་འཚམས་འདྲི་ཞུས་གནང་འདུག
འཚམས་འཕྲིན་ནང་། བདུན་ཕྲག་འདིའི་ནང་ཁེ་ན་ཊ་ཁུལ་དུ་བོད་རིགས་དང་། འབྲུག་པ།  བལ་པོའི་མི་རིགས་རྣམས་ཀྱིས། ཆོས་ཕྱོགས་དང་རིག་གཞུང་འཁྲབ་སྟོན་ལ་སོགས་པ་བརྒྱུད་སྤྲེལ་ལོི་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་པའི་དགའ་སྟོན་ལ་འཚམས་འདྲི་ཞུ་ཡི་ཡོད་ཅེས་གསུངས་འདུག
ལྷག་པར་དུ་རིག་གཞུང་བློན་ཆེན་མཆོག་གིས། ལོ་གསར་སྲུང་བརྩི་འདིའི་སྐབས། བོད་མིའི་ཆོས་ཀྱི་དབུ་ཁྲིད་དང་། ཁེ་ན་ཊའི་མི་སེར་མཚན་གནས་བཞེས་པ་བོད་ཀྱི་དབུ་འཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་དང་རྣམ་པ་ཀུན་དུ། སྤྱི་ཚོགས་ནང་བཟོད་བསྲན་དང་ བྱམས་བརྩེ། དེ་བཞིན་རང་ཁྲིམས་རང་སྲུང་དགོས་པའི་གལ་གནད་སྐོར་རླབས་ཆེན་གྱི་བཀའ་སློབ་དེ་དག་ལ་ཚང་མས་བསམ་ཞིབ་བྱ་རྒྱུའི་གོ་སྐབས་དང་དུས་ཚེས་བཟང་པོ་ཞིག་ཡིན་པ་ནན་བརྗོད་གནང་འདུག
ལྕམ་སྐུ་Melanie Jolyམཆོག་ནི། ཁེ་ན་ཊའི་གུ་ཡངས་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་དང་། ད་ལྟའི་སྲིད་བློན་གསར་པ་སྐུ་ཞབས་Justine Trudeauམཆོག་གི་དབུ་འཁྲིད་པའི་གཞུང་འཛིན་ནང་། རིག་གཞུང་བློན་ཆེན་གྱི་ཐུགས་འཁུར་བཞེས་བཞིན་ཡོད་པ་རེད།
དེ་བཞིན་བོད་ལུགས་གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཚེས་༨ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerryམཆོག་གིས། སྤྲེལ་ལོ་གསར་དུ་བཞེས་པའི་དགའ་སྟོན་ལ། བོད་དང་། འབྲུག བལ་ཡུལ། རྒྱ་གར་སོགས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་ཡོངས་ལ་ཨ་རིའི་སྲིད་འཛིན་Obamaམཆོག་དང་། ཨ་རི་མི་མང་བཅས་ཀྱི་ཚབ་ཞུས་སྟེ་འཚམས་འདྲི་དང་ལོ་གསར་པ་འདིར་བྱ་བ་ལམ་ལྷོང་བའི་གསུངས་འཕྲིན་ཞིག་གནང་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།