ཐའི་ལེནྜ་ནང་འབར་རྫས་གས་ཐོར་བྱུང་བ།

འབར་རྫས་གར་ཐོར་འོག་ཡུལ་མི་བཅུ་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག་པ།
2012-04-01
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཐའེ་ལེནྜི་ནང་འབར་རྫས་ཐོགས་པའི་མོ་ཊ་དུ་མ་གས་ཐོར་གྱིས་ཡུལ་མི་བཅུ་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ལྷ་བརྒྱ་ཙམ་རྨས་ཡོད་འདུག
དྲག་སྤྱོད་པ་ཡིན་པར་དྭོགས་གཞི་ཡོད་པའི་རུ་ཁག་གིས་རེས་གཟའ་སྤེན་པའི་ཉིན་ཐའེ་ལེནྜིའི་ལྷོ་ཕྱོགས་སུ་ལི་གར་ཌེནྶེ་ པ་ལ་ཛ་(Lee Gardens Plaza Hotel) ཞེས་པའི་མགྲོན་ཁང་གི་ཁྲོམ་རའི་འོག་ཐོག་ཏུ་མོ་ཊ་ཞིག་འབར་གས་ཀྱི་དོན་རྐྱེན་ནང་མི་གསུམ་རྐྱེན་ལམ་དུ་བཏང་ཡོད་པ་ནས་གཅིག་མ་ལེ་ཤི་ཡའི་ཡུལ་སྐོ་བ་ཞིག་ཡིན་ལུགས་ཉེན་སྲུང་མི་སྣས་འགྲེལ་བརྗོད་བྱས་ཡོད་ལུགས་ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། སོངྒ་ལ་(Songkhla) མངའ་སྡེའི་རྫོང་དཔོན་ གྷི་རི་ས་དྷ་བྷུ་ར་ཆེ་ (Grisada Boorach)  གྱིས་དྲག་རྒོལ་དེའི་ནང་ཡུལ་མིན་༤༡༦རྨས་ཡོད་པ་དང་དེ་དག་ནས་༡༤༠རྨན་ཁང་དུ་ཡོད་ལུགས་གསུངས་གནང་འདུག། ད་བར་ཧཊ་ཡའི་(Hat Yai) དང་སོངྒ་ལ་མངའ་སྡེའི་ནང་ཁ་ཆེ་མང་བའི་མངའ་སྡེ་ ཡ་ལ་(Yala) དང་པ་ཏ་ཎི (Patani) དང་ན་ར་ཐི་ཝཊེ་(Narthiwat) བཅས་ནང་ཕྱི་ལོ་༢༠༠༤ནས་བཟུང་གྱེན་ལོག་པས་ཡུལ་མི་སྟོང་ཁྲག་མང་པོ་རྐྱེན་ལམ་དུ་བཏང་བ་ནང་བཞིན་བྱུང་མེད་པ་རེད། གྱེན་ལོག་པས་དྲག་རྒོལ་གྱི་སྔོན་བརྡ་རིགས་བཏང་མེད་ལུགས་ ཧ་ཊེ་ ཡའི་མངའ་སྡེའི་ཉེན་སྲུང་སྤྱི་ཁྱབ་པ་དམག་སྤྱི་ ཁོམ་གྷིརིཊི་ སིརི་སོངྒ་(Khomgrit Srisong) གྱིས་གསུངས་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།