ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་དྲུག་པ་གནང་འདུག


2019.08.07
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་ཐད་ཞིབ་གཅོད་ཉན་ཞིབ་དྲུག་པ་ཚོགས་གནང་སྐབས། ༢༠༡༩།༨།༧ ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་ཐད་ཞིབ་གཅོད་ཉན་ཞིབ་དྲུག་པ་ཚོགས་གནང་སྐབས། ༢༠༡༩།༨།༧
ཆེས་མཐོའི་ཁྲིམས་ཞིབ་ཁང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠ པའི་དངོས་དོན་བདུན་པ་དང་འབྲེལ་བའི་ཞིབ་གཅོད་ཉན་ཞིབ་དྲུག་པ་ཚོགས་གནང་སོང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པ་མ་ཉེས་ཁག་གཡོག་གི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་དྲུག་པ་དངོས་དོན་བདུན་པ་དང་འབྲེལ་གནང་སྐབས། ཞུ་རྩ་ཨང་༤་༡༠་ནང་གསེས་ཀ་པའི་ནང་ཞུ་རྩ་ཨང་༤་༡༠་ནང་དྲངས་པའི་བཀའ་བློན་འོས་མི་བེུད་ཅིག་ལ་ཁྱེད་རང་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱས་ན་ཁྱེད་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཡོད་པ་སོགས་ཆུ་ཚོད་༤་ཙམ་རིང་སྲིད་སྐྱོང་ལ་དམའ་འབེབས་སྣ་ཚོགས་བྱས་ཏེ་ཁོ་མོའི་བློ་ཁ་བསྒྱུར་ཐབས་ངན་བསླབ་སྣ་ཚོགས་བྱས་ཡོད་པ་ཅེས་པ་དེའི་ཐད་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་དང་འབྲེལ་བའི་ཐད། ཁྲིམས་ཞིབ་ཁང་ནས་རྩོད་ལེན་པའི་དཔང་པོ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་གཏུག་གཤེར་ཁང་དུ་བཀའ་འགུགས་གིས། ཁོང་གིས་ཁྲིམས་ཞིབ་ཁང་དུ་ཕུལ་བའི་ཡིག་ཐོག་དཔང་རྟགས་དེ་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་སྙན་སྒྲོན་ཞུ་དགོས་བ་བཀའ་གནང་འཕྲལ།  དེའི་ནང་གསལ་གཙོ་བོ་དོན་ཚན་གསུམ་ཡོད་པ་དེ་ནི། དང་པོ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་སྐབས་དེར་ཁོང་རང་དོན་གཅོད་དུ་༧གོང་ས་མཆོག་གིས་བསྐོ་བཞག་གནང་བ་ཞིག་ཡིན་པར་སོང་ཙང་ཐད་ཀར་དགའ་ལྡན་ཕོ་བྲང་ལ་འགན་ཁུར་ཞུ་རྒྱུ་ལས་བཀའ་ཤག་ལ་འགན་འཁུར་ཞུ་དགོས་བ་མེད་པ་དང་། གཉིས་པ། སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་འགོ་ཁྲིད་ཀྱི་ནུས་པ་དང་ཀུན་སྤྱོད་ཡག་པོ་མེད་པ། དབང་ཆ་གཅིག་བསྡུ་བྱེད་མཁན་ཞིག་ཡིན་པར་བརྟེན་ཁྱེད་རང་ཕྱི་དྲིལ་བཀའ་བློན་གང་འདྲ་བྱེད་ཀྱི་ཡིན་ནམ། གསུམ་པ། སྲིད་སྐྱོང་མཉམ་དུ་ལས་ཀ་བྱེད་པ་ཡིན་ན་ཁྱེད་རང་ཆུ་ལ་གཡུག་གི་རེད་ཞེས་དེ་དག་སྙན་སྒྲོན་འགྲུབ་མཚམས། དེ་ནས་ཁྲིམས་ཞིབ་ཁང་ནས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་དཔང་པོ་གཞུང་ཞབས་ལས་བྱེད་འཇིགས་མེད་ཚུལ་ཁྲིམས་ལགས་བཀའ་འགུགས་གནང་ནས། ཞུ་སྦྱོར་བས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བརྗོད་པའི་དོན་ཚན་གསུམ་དེ་སྐབས་དེ་དུས་ངས་བཤད་སོང་བས་ཞེས་དྲིས་སྐབས། ཁོང་གིས་དེ་འདྲ་བཤད་པ་ངས་གོ་མ་སོང་ཞེས་བརྗོད་སོང་། སྐབས་དེར་དཔང་པོ་གཉིས་ཀར་ཞུ་སྦྱོར་བ་དང་རྩོད་ལན་པ་གཉིེས་ཀས་དྲི་བ་དྲིས་སོང་།
དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་དཔང་པོ་གཉིས་ལ་ཁྱེད་རང་གཉིས་ཀྱི་སྐད་ཆའི་ནང་དུས་ཚོད་མ་མཚུངས་པའི་གནས་སྟངས་ཡོད་པ་དེ་ཁོངས་སོ་སོས་བཤད་པ་དེ་རང་ཡིན་ནམ་ཞེས་བཀའ་འདྲི་བྱས་སྐབས་ཁོང་གཉིས་ཀས་དེ་རང་ཡིན་ཞེས་བརྗོད་སོང་།
ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་རྩོད་ལན་པ་བཀའ་ཤག་ལ་གནད་དོན་འདི་དང་འབྲེལ་བའི་དཔང་པོ་གསུམ་ཡོད་པའི་ཁུངས་ནས་གཉིས་ཞུ་སྦྱོར་བས་ཕྱོགས་ལྷུང་ཡིན་པའི་དཔང་རྟགས་འགོད་འབུལ་གཞིར་བཞག་རྩིས་མེད་བཏང་བ་དང་། ཡང་རྗེས་སུ་དཔང་རྟགས་བཞི་འདོན་སྤེལ་ཞུ་ཆོག་པ་ཞུས་པའི་ཁོངས་གསུམ་དཔང་རྟགས་ཁྲིམས་ཡིག་དགོངས་དོན་ཆགས་མེད་པར་བརྟེན་ནས་ངོ་བཞེས་གནང་མེད་པ་དང། ངོས་བཞེས་གནང་བ་ཅིག་དེ་རྩོད་ལན་པས་དེ་རིང་ངོ་འབོད་གནང་མ་ཐུབ་པར་ངོས་འཛིན་ཞུས་པའི་སྐོར་འགྲེལ་བརྗོད་གནང་སོང་།
ཉན་ཞིབ་འགྲུབ་མཚམས་ཞུ་སྦྱོར་བ་དང་རྩོད་ལན་པ་སོ་སོས་ཞིབ་གཅོད་ཉན་ཞིབ་དང་འབྲེལ་བའི་ཐད་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད།
མཐའ་མཇུག་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་དངོས་དོན་བདུན་པ་དང་འབྲེལ་བའི་ཐད་མུ་མཐུད་དུ་ཕྱི་ཚེས་༨་ཉིན་ཞིབ་གཅོད་ཉན་ཞིབ་ཚོགས་རྒྱུའི་གསལ་བསྒྲགས་གནང་སོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎