ཨ་རིའི་རྒྱལ་སར་ས་ག་ཟླ་བ་ཉིན་མཆོད་འབུལ་གནང་བ།

2016-05-22
གློག་འཕྲིན།
མཆན།
Share
པར་བཀོད།
བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་གནང་སྟེ་མཆོད་འབུལ་ཞབས་བརྟན་གནང་བ།
བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་གནང་སྟེ་མཆོད་འབུལ་ཞབས་བརྟན་གནང་བ།
པ་སངས་དོན་ལྡན།

༄༅༎ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་གནང་སྟེ། རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་སུ་ས་ག་ཟླ་བ་ཚེས་༡༥ཉིན་མཆོད་འབུལ་ཞབས་བརྟན་གནང་སྐབས་ མཁན་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་མཆོག་གིས་དུས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་སྐབས་ ནང་པ་སངས་རྒྱས་པའི་ཆོས་དེ་ནང་པ་ཙམ་མིན་པར་འཛམ་གླིང་ཞི་བདེའི་ཆེད་གལ་གནད་ཆེ་བ་ཞིག་ཡིན་སྐོར་གསུངས་གནང་སོང་།
དེ་ཡང་མཁན་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་གནང་བཞིན་པ་ལྟར་ལོ་ངོ་༢༥༠༠་ལྷག་གོང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་པའི་ཆོས་དེ་ད་ལྟའི་དུས་སྐབས་འདིར་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། དེ་ལྟ་བུའི་ཆོས་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་ཆེད་བོད་མི་རྣམས་ལ་ཐུན་མོང་མ་ཡིན་པའི་ལས་འགན་ཡོད་སྐོར་གསུངས་སོང་། དེ་བཞིན་མཁན་རིན་པོ་ཆེ་མཆོག་གིས་ ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིན་དུས་ བྱང་ཆུབ་ཀྱི་སེམས་དུས་ནས་དུས་སུ་ཉམས་ལེན་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་ཡང་གནང་སོང་། ཁ་སང་ས་ག་ཟླ་བའི་ཚེས་༡༥ཉིན་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ཀྱིས་རྒྱལ་བའི་ཞབས་བརྟན་དང་། མ་ཎི་སོགས་ཆུ་ཚོད་གཉིས་ཙམ་རིང་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་འུར་འདོན་གནང་སོང་།།

མཆན། (0)
Share
དྲ་གནས་ཆ་ཚང༌།