རྒྱ་ནག་གཞུང་གིས་བོད་ནང་གུང་ཁྲན་ཏང་གི་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་འདུག


2019.07.22
ལྷ་སའི་ཡོད་པའི་རྒྱ་ནག་གི་དྲིལ་བསྒྲགས། ༢༠༡༥ ལྷ་སའི་ཡོད་པའི་རྒྱ་ནག་གི་དྲིལ་བསྒྲགས། ༢༠༡༥
AP

རྒྱ་ནག་གཞུང་གིས་ལྷ་ས་ཁུལ་གྱི་གྲོང་ཚོ་ཁག་ཏུ་ལས་དོན་རུ་ཁག་རྣམས་ཀྱིས་ཏང་ཡོན་དང་ཧུར་བརྩོན་ཅན་ཇེ་མང་དུ་བཏང་སྟེ་གྲོང་ཚོ་ཁག་ནང་གུང་ཁྲན་ཏང་གི་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་གྲོང་ཚོར་བཅའ་སྡོད་གཞུང་གི་ལས་དོན་རུ་ཁག་གིས་ཞིང་འབྲོག་གི་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་ཐེངས་༧༠གཉེར་ཏེ། ཏང་ཡོན་མི་གྲངས་དྲུག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་བཞི་གསོ་སྦྱོང་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྒྲིག་སྲོལ་༡༤༩འཐུས་སྒོ་ཚང་དུ་གཏོང་རོགས་དང་། གྲོང་ཚོའི་ཏང་རྩ་འཛུགས་ལ་ཏང་ཡོན་༢༤དང་གྲ་སྒྲིག་ཏང་ཡོན་༡༧༡དང་། ཧུར་བརྩོན་ཅན་༡༨༢ བཅས་འཕེལ་རྒྱས་གཏོང་རོགས་ཀྱིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འཇོན་ཐང་སྔར་བས་ཆེ་རུ་བཏང་བ་དང་། གཞི་རིམ་དུ་སྲིད་སྐྱོང་བའི་ཏང་གི་རྨང་གཞི་ཇེ་བརྟན་དུ་བཏང་ལུགས་སོགས། སྤྱི་ཟླ་༧པའི་ཚེས་༢༢ཉིན་ཀྲུང་གོའི་བོད་ལྗོངས་དྲ་ཐོག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་ལུང་འདྲེན་གྱིས་བཀོད་འདུག   
གནས་ཚུལ་དེའི་ཐད་རྒྱ་གར་རྡ་རམ་ས་ལར་གནས་སྡོད་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས། རྒྱ་ནག་དམར་ཕྱོགས་ཚོགས་པ་འཐོར་བཤིག་ཏུ་འགྲོ་རྒྱུར་འཇིགས་སྣང་གིས།   དམར་ཕྱོགས་ཚོགས་མིའམ་ཏང་ཡོན་རྒྱ་བསྐྱེད་དུ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གི་ལས་དོན་རུ་ཁག་རྣམས་བོད་ཀྱི་གྲོང་ཚོ་ཁག་ཏུ་བསྡད་དེ། རྒྱ་ནག་གཞུང་བོད་མི་ཚོར་ཡིད་ཆེས་མེད་པས་ཉི་མ་རེ་རེ་བཞིན་ལས་བྱེད་པ་ཚོས། བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན། ཐ་ན་ཆང་ས་རྒྱག་རྒྱུ་ཚུན་གྱི་དཀའ་ངལ་ལ་ཕན་ཐོགས་བྱེད་ཁུལ་གྱིས། བོད་མིའི་བློ་འགུག་ཐབས་བྱེད་ཀྱི་ཡོད་པ་དང་ཆབས་ཅིག བོད་མིའི་ཁྲོད་གསང་ཉུལ་ལྟ་སྲུང་ནན་པོ་བྱེད་བཞིན་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་རྣམས་ཀྱིས། མི་མང་གི་འཚོ་བར་ཕན་ཐོགས་དང་གྲོང་གསེབ་ཡར་རྒྱས་སྐུལ་འདེད། མང་ཚོགས་དབུལ་ཕོངས་ལས་སྒྲོལ་བར་རོགས་རམ་གནད་སྨིན་བྱེད་བཞིན་པ་སོགས་འཁོད་ཡོད་ནའང་། དེ་ཚོ་ནི་དྲིལ་བསྒྲགས་ཙམ་ལས་དོན་གྱིས་ལས་དོན་རུ་ཁག་གིས་སྔ་མོ་ནས་བཟུང་། རྒྱལ་གཅེས་ཆོས་གཅེས་དང་གུང་བྲན་ཏང་ལ་དགའ་ཞེན་གྱི་སློབ་གསོ་སྤེལ་བཞིན་པ་རེད་ཅེས་ཆབ་སྲིད་བཙོན་ངག་དབང་འོད་འབར་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎