རྒྱ་ནག་གཞུང་གིས་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྤྱི་ཚོགས་དྲྭ་ལམ་ལ་དམ་དྲག


2018.05.29
རྒྱ་ནག་གི་དྲ་ཁང་ཞིག་གི་ནང། རྒྱ་ནག་གི་དྲ་ཁང་ཞིག་གི་ནང།
དྲ་བཤུས། ITS

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྤྱི་ཚོགས་དྲྭ་ལམ་ཐོག་ལ་དམ་དྲག་བྱེད་ཀྱི་ཡོད་འདུག
དེ་ཡང་པེ་ཅིང་ནས (Nathan Vanderklippe)ཞེས་ཨེ་ཤེ་ཡའི་གནད་དོན་ཐོག་གསར་འགོད་པས་ཚེས་༢༨་ཉིན་དཔྱད་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་པེ་ཅིང་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྤྱི་ཚོགས་དྲ་ལམ་ཐོག་སྟངས་འཛིན་དང་དམ་དྲག་བྱེད་ཀྱི་ཡོད་པ་དང་། ཁག་ཅིག་ནས་རྒྱ་ནག་ལ་ཞེད་སྣང་གི་ཐོག་ནས་སོ་སོས་འཛེམས་ཟོན་བྱེད་པའི་གནས་ཚུལ་ཁག་ཅིག་ལུང་འདྲེན་བྱས་ཡོད་འདུག དཔེར་ན་ཀྲུ་ཀྲར་ཞེས་པའི་སྐབས་འཕྲལ་སོ་སོར་གནས་ཚུལ་མཁོ་སྤྲོད་བྱེད་སའི་དྲ་ལམ་ནང་བཞིན་རྒྱ་ནག་ནང་ཁྱབ་ཆེན་པོ་ཡོད་པའི་(Sina Weibo)ཞེས་པ་དེ་བརྒྱུད་ནས་ཕྱི་རྒྱལ་གཞུང་ཚབ་ཁང་གིས་གནས་ཚུལ་རྒྱ་ནག་མི་མང་ས་ཡ་མང་པོར་ཁྱབ་སྤེལ་དང་གོ་རྟོགས་སྤེལ་ཐུབ་པའི་བརྒྱུད་ལམ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ཤེས་རྟོག་བྱུང་བར་གཞིགས་ན། དེ་དག་བརྒྱུད་ནས་གཞུང་ཚབ་ཁག་གི་དྲ་ལམ་ནང་གནས་ཚུལ་བཀོད་པ་དེ་དག་ཐོག་སྟངས་འཛིན་བྱས་ནས་སྐབས་རེར་སེམས་ཚོར་ཅན་གྱི་གནས་ཚུལ་རིགས་བཀག་པ་དང་། ཡང་ན་དེ་དག་དྲྭ་ལམ་ནས་ནག་བསུབ་བཏང་བ་སོགས་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་རང་ཉིད་ཀྱི་ལྟ་གྲུབ་གཞན་ལ་བཙན་ཤེད་ཀྱི་ཐོག་ནས་བཀོད་ཁྱབ་བཏང་བའི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པ་བཀོད་ཡོད་འདུག
ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས། ཨོསྀ་ཊེརེ་ལི་ཡའི་ཐབས་བྱུས་ཉམས་ཞིབ་ཚན་པའི་སྐུ་ཞབས་(Fergus Ryan) གྱིས་ཉམས་ཞིབ་བྱེད་པའི་སྙན་ཐོའི་ནང་། ཕྱི་ལོ་ ༢༠༡༧ ཕྱི་ཟླ་བཅུ་གཅིག་ནས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་དང་པོའི་བར་ཨ་རི་དང་ཁེ་ན་ཌ་གཙོས་པའི་ཕྱི་རྒྱལ་གཞུང་ཚབ་བཅུའི་དྲ་རྒྱའི་ནང་གི་ (Weibo)ཝེཡི་བྷོ་ཞེས་པའི་བརྒྱུད་ལམ་ཐོག་རྒྱ་ནག་གིས་ཐེ་བྱུས་བྱས་ཡོད་པ་གསལ་ཡོད་པའི་ནང་། དཔེར་ན་འགྲོ་བ་མིའི་ཐོབ་ཐང་དང་ཡང་ན་མང་གཙོ་དོན་གཉེར་བ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་མི་སྣའི་མིང་སོགས་བཀོད་ཡོད་པ་ཡིན་ན་དེ་དག་ནག་བསུབ་བཏང་བའི་རིགས་དང་། ཉེ་ཆར་ཁེ་ན་ཌའི་གཞུང་ཚབ་ཀྱི་དྲ་ལམ་ནང་བོད་རིགས་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་ཁྲིམས་ཐག་བཅད་པའི་སྐབས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ལུགས་བཀོད་པ་དེ་ཝེཡི་བྷོའི་ནང་གསལ་གྱི་མེད་པ་སོགས་གང་ལྟར་རྒྱ་ནག་གཞུང་ནས་རང་གི་མི་མང་ཐོག་སྤྱི་ཡོངས་ནས་གསར་འགྱུར་དང་སྤྱི་ཚོགས་དྲ་ལམ་ཁག་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་དམ་དྲག་ཧ་ཅང་ཆེན་པོ་ཡོད་མུས་ཡིན་པ་སྨོས་མེད་ཐོག་ད་ཆ་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཐོག་ལའང་དམ་དྲག་བྱེད་སྟངས་འདི་ནི་ཚད་ལས་འགལ་གྱི་ཡོད་པར་བརྟེན་དེར་གདོང་ལེན་ཞིག་ངེས་པར་དུ་བྱེད་རྒྱུའི་དུས་ལ་བབས་ཡོད་ལུགས་དཔྱད་གཏམ་སྤེལ་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎