རྒྱ་ནག་ལུགས་དང་མ་མཐུན་པ་བྱེད་མཁན་མིང་ཐོའི་ནང་འཇུག་རོཊ།


2017.01.25
ཨ་རིའི་སྲིད་འཛིན་ཞེ་ལྔ་བ་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག ༢༠༡༧ ཨ་རིའི་སྲིད་འཛིན་ཞེ་ལྔ་བ་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག ༢༠༡༧
AFP

ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་དེ་བཞིན་དངུལ་ལོའི་འཛའ་ཐང་ལ་ལུགས་དང་མ་མཐུན་པ་བྱེད་མཁན་རྒྱལ་ཁབ་ཀྱི་མིང་ཐོའི་ནང་འཇུག་དགོས་བ་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཀྱིས་སྐུལ་འདེད་བྱས་འདུག
དེ་ཡང་ཚེས་༢༥་ཉིན་རོས་ཡེ་ཌིར་གསར་སྤེལ་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཆོ་ཁི་ཞོལ་མུར་(Chuck Schumer)གྱིས་ཚེས་༢༤་ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་ཏུ་གསུང་དོན། སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་ཁོང་སྲིད་འཛིན་ལ་བསྡད་པའི་ཉིན་དང་པོ་ནས་བཟུང་རྒྱ་ནག་དེ་དངུལ་ལོའི་འཛའ་ཐང་ལ་ལུགས་དང་མ་མཐུན་པ་བྱེད་མཁན་རྒྱལ་ཁབ་ཀྱི་མིང་ཐོའི་གྲས་སུ་བཀོད་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་ཀྱང་། ཁོང་གིས་ད་ལྟ་ད་དུང་དེ་ལག་ལེན་གནང་མེད་པ་རེད། སྲིད་འཛིན་ལགས། གལ་ཏེ་ཁྱེད་ཀྱིས་དངོས་གནས་ཨ་མི་རི་ཀ་ཨང་དང་པོར་འཇོག་གི་ཡོད་ན། རྒྱ་ནག་དེ་དངུལ་ལོའི་འཛའ་ཐང་ལ་ལུགས་དང་མ་མཐུན་པ་བྱེད་མཁན་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཀོད་རྒྱུ་གསལ་བསྒྲགས་བྱེད་རོགས་ཞེས་སྐུལ་མ་བྱས་ཡོད་པ་རེད།
ཨ་རིའི་ནེའུ་ཡོག་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཆོ་ཁི་ཞོལ་མུར་ནི་སྐབས་གསར་བའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་དུ་བསྐོ་འདེམས་གནང་བ་ཞིག་དང་། ཁོང་ནི་ནམ་རྒྱུན་རྒྱ་ནག་གིས་དངུལ་ལོའི་འཛའ་ཐང་ལུགས་དང་མི་མཐུན་པ་བྱེད་སྲིད་ཇུས་ལ་སྐྱོན་བརྗོད་གནང་མཁན་ཞིག་དང་། ཁོང་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གྷི་ར་ཧམ་(Graham)རྣམ་གཉིས་ནས་ཐེངས་མང་པོར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དངུལ་ལོ་སྟངས་འཛིན་གྱི་ཁྲིམས་དོན་གྲོས་གཞི་བཏོན་ཡོད་པ་རེད།
ཡང་རོས་ཡེ་ཌིར་གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་། སྐུ་ཞབས་ཞོལ་མུར་གྱིས་ཁོང་གིས་རེས་གཟའ་ཟླ་བ་ཉིན་སྲིད་འཛིན་དང་མཇལ་འཕྲད་དུས་སུ་གནད་དོན་དེ་གླེང་མོལ་བྱས་ཚུལ་གསུང་ཡོད་པ་དང་། སྲིད་འཛིན་མཆོག་གིས་ཁོང་ལ་མིན་ཞེས་གསུང་མེད་ཅེས་བརྗོད་པ་ཙམ་ལས་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎