བོད་མིར་དམ་བསྒྲགས་ཆེད་རྒྱ་ནག་གིས་བལ་ཡུལ་ལ་གནོན་ཤུགས།

བལ་ཡུལ་དང་རྒྱ་གར་དབར་གྱི་ས་མཚམས་བཀག་དགོས་ཞེས་བལ་ཡུལ་གཞུང་གི་ཐོག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་

2008-06-30
Share

༄༅༎བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་ནས་རྒྱ་གར་གྱི་གསར་འགྱུར་ཚན་པ་ པེརེསི་ཀྲ་ར་སེ་ཨོཕ་ཨིན་ཌི་ཡ་ ཞེས་པས་སྤེལ་བའི་གནས་ཚུལ་ལྟར་ན་ བལ་ཡུལ་ནང་གནས་བཞིན་པའི་བོད་མི་ཚོས་ཉེ་བའི་ཟླ་ཤས་ནང་ རྒྱ་ནག་གཞུང་ལ་ངོ་རྒོལ་རྒྱུན་འཐུད་བྱས་དང་བྱེད་བཞིན་པའི་ཐོག་ལ་རྒྱ་གར་ནང་གནས་བཞིན་པའི་བོད་མི་ཚོས་ཀྱང་ བལ་ཡུལ་དང་རྒྱ་གར་དབར་འགྲུལ་བསྐྱོད་བྱས་དང་བྱེད་མུས་ཡིན་པའི་ཁར་ བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་རིམ་པས་ཇེ་ཆེར་འགྲོ་གི་ཡོད་ཚུལ་བརྗོད་དེ་ བལ་ཡུལ་དང་རྒྱ་གར་དབར་གྱི་ས་མཚམས་བཀག་དགོས་ཞེས་བལ་ཡུལ་གཞུང་གི་ཐོག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་ བོད་ནས་བོད་མི་ཁྱོན་ཆེ་ལོ་ལྟར་བལ་ཡུལ་བརྒྱུད་རྒྱ་གར་དུ་བཙན་བྱོལ་དུ་འགྲོ་གི་ཡོད་ཅིང་ བོད་མི་དེ་ཚོའི་ཁོངས་ནས་བོད་མི་མང་པོས་ རྒྱ་གར་ནས་བལ་ཡུལ་དུ་བསྐྱོད་དེ་ བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་རེད་ཅེས་རྒྱ་ནག་གི་དཔོན་རིགས་ཤིག་གིས་བཤད་ཡོད་པ་རེད་ མདོ་དོན་ བལ་ཡུལ་ནང་བོད་མི་ཚོས་འཆར་གཞི་སྔོན་ཚུད་ནས་གཏིང་སྟེ་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་རྒྱུའི་ལས་འགུལ་ཁག་གི་ཐོག་ལ་སྒྲིག་ཁྲིམས་གཏན་འབེབས་བྱེད་དགོས་པ་དང་ སྒོ་མོ་ཕྱེ་བའི་རྒྱལ་སྤྱིའི་ས་མཚམས་ཁག་གི་ཐོག་ལ་བཏང་འཛིན་ནན་པོ་བྱེད་དགོས་ཀྱི་རེད་ཅེས་རྒྱ་ནག་གི་དཔོན་རིགས་ཚོས་བལ་ཡུལ་གཞུང་གི་ཐོག་ལ་དགོས་འདུན་དང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།