ཤིན་ཅང་དུ་གནས་འཕྲིན་དྲ་རྒྱ་ཁག་ཅིག་བཀག་སྡོམ་ཕྱིར་འཐེན།

རྒྱ་ནག་གཞུང་གིས་ཤིན་ཅང་འམ་ཤར་ཏུར་ཀི་སི་ཐན་ནང་གཞུང་འབྲེལ་གྱི་གནས་འཕྲིན་དྲ་རྒྱ་ཁག་ཅིག་བཀག་སྡོམ་ཕྱིར་འཐེན་བྱས་ཡོད་འདུག
2009-12-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་ཤིན་ཅང་འམ་ཤར་ཏུར་ཀི་སི་ཐན་ནང་གཞུང་འབྲེལ་གྱི་གནས་འཕྲིན་དྲ་རྒྱ་ཁག་ཅིག་བཀག་སྡོམ་ཕྱིར་འཐེན་བྱས་ཡོད་འདུག

ད་ལོ་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་ས་ཁུལ་དུ་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་རྔམ་སྟོན་བྱས་ནས་ཡུ་གུར་མི་རིགས་དང་ས་གནས་དེའི་ནང་ཡོད་པའི་རྒྱ་མི་རིགས་དབར་འཁྲུག་ཟིང་གི་དོན་རྐྱེན་བྱུང་བའི་རྗེས་ཤིན་ཅང་ནང་དྲ་རྒྱ་དང་རྒྱལ་སྤྱིའི་ཐོག་རྒྱབ་ཆོག་པའི་ཁ་པར་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་ཅིང་། ཤིན་ཅང་རང་སྐྱོང་ལྗོངས་གཞུང་གིས་ཕྱི་ཚེས་ཉི་ཤུ་དགུ་ཉིན་ཤིན་ཅང་ས་གནས་ནང་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་དང་རྒྱ་ནག་མི་མང་ཉིན་རེའི་གསར་འགྱུར་བརྒྱུད་ལམ་གྱི་དྲ་རྒྱ་གཉིས་ས་གནས་མི་མང་ཚོར་བེད་སྤྱོད་བྱེད་ཆོག་པའི་བཀག་སྡོམ་ཕྱིར་སྡུ་བྱས་ཡོད་པའི་སྐོར་གསལ་བསྒྲགས་སྤེལ་ཡོད་པ་རེད་ གསལ་བསྒྲགས་དེའི་ནང་ད་དུང་རིམ་པས་དྲ་རྒྱ་གཞན་ཁག་གི་ཐོག་ཞིབ་བཤེར་བྱས་ནས་བཀག་སྡོམ་ཕྱིར་བསྡུ་བྱ་རྒྱུ་ཡིན་ལུགས་དང་དེ་མིན་ཁ་པར་ཐོག་ནས་ཡི་གེ་གཏོང་ཡས་དང་རྒྱལ་སྤྱིའི་ཐོག་ཁ་པར་གཏོང་རྒྱུ་བཀག་སྡོམ་བྱེད་བཞིན་པ་རྣམས་རིམ་པས་བཀག་སྡོམ་ཕྱིར་བསྡུ་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་འདུག ཡིན་ནའི་གསལ་བསྒྲགས་དེའི་ནང་དྲ་རྒྱ་བསྐྱར་དུ་བེད་སྤྱོད་བྱེད་ཆོག་པའི་དུས་བཀག་སོགས་ཁ་གསལ་དུས་ཚོད་གཞན་ཞིག་ཏུ་གསལ་བསྒྲགས་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད་ ཡིན་ན་ཡང་ད་ལྟའི་ཆར་ཕྱི་རྒྱལ་ནས་ཤིན་ཅང་ནང་ལོག་གི་དྲ་རྒྱ་འམ་ས་གནས་གཞུང་འབྲེལ་གྱི་དྲ་རྒྱའི་ཐོག་ལ་ཡང་འཛུལ་ཐུབ་ཀྱི་མེད་པའི་ཁར་ཤིན་ཅང་ས་གནས་ནང་ཁ་པར་ཐོག་ནས་ཡིག་འགྲུལ་བྱེད་ཡས་དང་རྒྱལ་ཁབ་ཕྱི་ནས་ཁ་པར་ད་དུང་ཡང་གཏོང་ཐུབ་ཀྱི་མེད་པ་རེད་ ཤིན་ཅང་རང་སྐྱོང་ལྗོངས་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གསལ་བསྒྲགས་དེའི་ནང་  རྒྱ་ནག་གཞུང་གིས་ཤིན་ཅང་ས་གནས་ནང་ཨིན་དྲའི་དྲ་རྒྱ་དང་ལག་འཁྱེར་ཁ་པར་སོགས་ཀྱི་ཐོག་སྟངས་འཛིན་གྱི་ཐབས་ལམ་འཛིན་ཡོད་པ་ཁས་ལེན་བྱས་ཡོད་ཅིང་དེ་ལྟར་བྱེད་དགོས་ཡས་ཀྱི་དམིགས་ཡུལ་ནི་ས་གནས་དེའི་ནང་གི་གནས་སྟངས་མགྱོགས་མྱུར་བརྟན་ལྷིང་ཞི་འཇམ་དུ་འགྱུར་ཐུབ་པའི་ཆེད་དུ་ཡིན་ལུགས་འཁོད་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།