རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་ཚད་གཞི་མེད་བཟོས་པ།


2018.03.11
རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་ཚད་གཞི་མེད་བཟོས་པ། རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་ཚད་གཞི་མེད་པ་བཟོ་རྒྱུར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་བརྒྱུད་ནས་མང་མོས་ཐག་གཅོད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
ཨེ་ཨེཕ་པི།

རྒྱ་ནག་གཞུང་གིས་རྒྱ་ནག་གི་སྲིད་འཛིན་གྱི་དུས་ཡུན་ཚད་གཞི་མེད་པ་རྒྱུའི་ལས་དོན་འཆར་གཞི་དེ་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནས་ཐག་གཅོད་ཡོང་རྒྱུའི་གྲོས་འཆར་བཏོན་བ་བཞིན་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་བརྒྱུད་རིམ་ནས་ཐག་གཅོད་བྱུང་སྟེ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་Xi Jinping སྲིད་འཛིན་གྱི་ལས་ཡུན་རྒྱུན་མཐུད་གནས་རྒྱུ་ཡིན་པ་རེད། དེང་སྐབས་ཚོགས་བཞིན་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནང་དེ་རིང་མི་མང་འཐུས་མི་སྟོང་ཕྲག་གསུམ་ཙམ་མཉམ་ཞུགས་གནང་ཡོད་པ་དང་། དེའི་ནང་རྒྱ་ནག་གི་སྲིད་འཛིན་གྱི་ལས་ཡུན་ཚད་གཞི་མེད་པ་བཟོ་རྒྱུའི་གྲོས་འཆར་བཏོན་ཡོད་པ་དེའི་ཐོག་ནས་འཐུས་མི་གཉིས་ཀྱིས་དེར་ངོ་ལེན་གནང་མེད་པ་དང་། འཐུས་མི་གསུམ་གྱིས་བར་ཞུགས་བྱས་ནས་བསྡད་ཡོད་པར་བརྟེན་ལྷན་ཚོགས་དེའི་བརྒྱུད་རིམ་ནང་གྲོས་འཆར་དེར་མང་མོས་ནས་རྒྱབ་སྐྱོར་ཐོབ་སྟེ་མཐར་རྒྱ་ནག་གི་སྲིད་འཛིན་ལས་ཡུན་དུས་བཀག་མེད་པར་བཟོ་ཐུབ་ནས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་Xi Jinping གི་དབང་ཆ་གཏན་པོར་གནས་ཐུབ་པ་བྱུང་ཡོད་པ་རེད༎
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎