བལ་ཡུལ་དང་རྒྱ་ནག་བར་འབྲེལ་ལམ་རྒྱ་ཆེ་རུ་གཏང་རྒྱུ།

བལ་ཡུལ་དང་རྒྱ་ནག་བར་ཁྲིམས་སྲུང་གི་ལས་དོན་ཐད་ཕན་ཚུན་མཉམ་མཐུན་གྱི་ལས་གཞི་རྒྱ་ཆེ་རུ་གཏང་རྒྱུའི་དམ་བཅའ་བཞག་ཡོད་འདུག
2011-12-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གི་རྒྱལ་དོན་སློབ་སྟོན་པ་དང་སྤྱི་དམངས་སྲུང་སྐྱོབ་བློན་ཆེན་མེངྒ་ཅནྚུ་(Meng Jiangzhu)དང་བལ་ཡུལ་གྱི་སྲིད་བློན་གཞོན་པ་བྭིཇྭེ་ཀུ་མར་གཅ་ཆ་རྡར་(Bijay Kumar Gachchadar)གཉིས་མཇལ་འཕྲད་ཀྱིས་ཡུལ་གཉིས་དབར་ཁྲིམས་སྲུང་གི་ལས་དོན་ཐད་ཕན་ཚུན་མཉམ་མཐུན་གྱི་ལས་གཞི་རྒྱ་ཆེ་རུ་གཏང་རྒྱུའི་དམ་བཅའ་བཞག་ཡོད་པ་བྭེ་ཅིང་ནས་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚལ་སྤེལ་འདུག།
ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་གཞུང་འབྲེལ་འགོ་བཙུགས་པ་ནས་བཟུང་ཆབ་སྲིད་དང་། དཔལ་འབྱོར་དང༌། དེ་བཞིན་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐད་འབྲེལ་ལམ་ཟབ་ཏུ་ཕྱིན་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་མིག་དཔེ་བལྟ་ས་ཞིག་ཆགས་ཡོད་ལུགས་རྒྱ་ནག་གི་བློན་ཆེན་མིངྒ་གིས་གཏམ་བཤད་གནང་ཡོད་འདུག། 
ཡང་ཁོང་གིས་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་དང་བོད་དང་འབྲེལ་བའི་སྲུང་སྐྱོབ་ཀྱི་ལས་གཞིའི་ཐད་རྒྱབ་སྐྱོར་གནང་བཞིན་པ་དེར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ ཡུལ་གཉིས་ཀྱི་སྲུང་སྐྱོབ་དང་ནང་སྲིད་ལས་ཁུངས་དབར་བརྟན་ལྷིང་དང་ས་མཚམས་ཀྱི་སྲུང་སྐྱོབ་ཐད་ལའང་འཕྱར་གྲུ་མཉམ་འདེགས་མིང་དོན་མཚུངས་པ་ཡོད་པར་དེར་བསྔགས་བརྗོད་གནང་འདུག། བལ་ཡུལ་གྱི་སྲིད་བློན་གཞོན་པ་ བྭིཇྭེ་ ཀུ་མར་གཅ་ཆ་རྡར་མཆོག་གིས་ཡུལ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་སྤེལ་རྒྱུ་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་ལྟར་སླད་ཕྱིན་ཆད་ནས་ཡུལ་གཉིས་དབར་ཁྲིམས་སྲུང་གི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་གྲ་སྒྲིག་ཡོད་པའི་སྐོར་གསུངས་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།