ཨུ་རུ་སུའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་པ།


2014.05.20
ཨུ་རུ་སུའི་སྲིད་འཛིན་Vladimir Putinདང་རྒྱ་ནག་གི་སྲིད་འཛིན་ཞེ་རྣམ་གཉིས་རྒྱ་ནག་ཧྲང་ཧེ་ལ། ༢༠༡༤།༥།༢༠ ཨུ་རུ་སུའི་སྲིད་འཛིན་Vladimir Putinདང་རྒྱ་ནག་གི་སྲིད་འཛིན་ཞེ་རྣམ་གཉིས་རྒྱ་ནག་ཧྲང་ཧེ་ལ། ༢༠༡༤།༥།༢༠
AFP

ཨུ་རྒྱ་རྒྱལ་ཁབ་གཉིས་ནི་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱིས་སྐྱོན་བརྗོད་དང་རྒྱལ་ཁབ་གཞན་དང་ས་ཆའི་བདག་དབང་གི་རྙོག་གྲ་ཡོད་པ་ཞིག་ཡིན་པ་རེད།
དེ་ཡང་ཨུ་རུ་སུའི་སྲིད་འཛིན་Vladimir Putinརྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་མ་ཟད། ཚེས༢༠ཉིན་དབུ་ཁྲིད་གཉིས་པོས་ཨུ་རུ་སུ་དང་རྒྱ་ནག་གཉིས་པོའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། རྒྱལ་ཁབ་དེ་གཉིས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱེད་ཡུལ་དང་། རྒྱལ་ཁབ་གཞན་བར་ས་ཆའི་བདག་དབང་གི་རྙོག་གྲའི་དཀའ་ངལ་ཡོད་པ་ཞིག་ཡིན་པ་རེད། ད་རེས་ཨུ་རུ་སུའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་Xi Jinping གྱིས་ན་ནིང་སྲིད་དབང་བཟུང་པའི་རྗེས་རྒྱ་ནག་ལ་འཚམས་འདྲི་ཐེངས་དང་པོ་ཡིན་པ་དང། ཁོང་གིས་ཤར་རྒྱ་ནག་གི་རྒྱ་མཚོའི་ཐོག་ཨུ་རུ་སུ་དང་རྒྱ་ནག་ཟུང་འབྲེལ་གྱིས་གཟའ་འཁོར་གཅིག་རིང་ལ་མཚོ་དམག་དམག་རྩལ་སྦྱོང་བརྡར་འགོ་འབྱེད་བྱ་རྒྱུ་མ་ཟད། ཨེ་ཤེ་ཡའི་བདེ་འཇགས་ལྷན་ཚོགས་ཐོག་ཚོགས་བཅར་ཞུ་རྒྱུ་ཡིན་པ་རེད། ཨུ་རུ་སུ་དང་ཨ་རི། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་ནི་གྲང་དམག་གི་རྗེས་སུ་ཉེ་བའི་ཟླ་བ་འགའ་ཤས་ནང་ཇེ་སྡུག་ཏུ་ཕྱིན་ཏེ་ཨུ་རུ་སུ་ནི་Ukraine་ཤར་ཕྱོགས་ས་ཁུལ་ནང་ཟིང་ཆ་དང་། རྙོག་གྲ་སློང་མཁན་ཡིན་པའི་སྐྱོན་བརྗོད་བྱེད་པ་དང། དེ་དང་ཕྱོགས་མཚུངས་རྒྱ་ནག་ནི། ཉི་ཧོང་དང་Vietnam, Phuilippineགཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་དབར་གྱི་ས་ཆའི་བདག་དབང་གི་རྙོག་གྲ་ཡོད་པའི་ཐོག་ཨ་རི་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་སོགས་རྒྱལ་སྤྱི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱེད་ཡུལ་ཞིག་ཡིན་པ་རེད།
ཤིན་ཧ་གསར་ཤོག་ཐོག་ལ། ཚེས་༢༠ཉིན་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་གཉིས་པོ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་མཇལ་བའི་སྐབས་ཡུལ་གྲུ་གཉིས་ཕན་ཚུན་ཐབས་ཇུས་ཐོག་མཉམ་ལས་བྱ་རྒྱུའི་ཐོག་གྲོས་བསྡུར་བྱས་པ་མ་ཟད། སྲིད་འཛིན་Putin ནས་རྒྱལ་ཁབ་གཉིས་པོ་ཕན་ཚུན་ན་ནིང་མཁའ་འགྲུལ་དང་མཁའ་དབྱིངས། དངོས་ཟོག་ཐོན་སྐྱེད། ནུས་ཤུགས་ཚན་པ་སོགས་མཉམ་ལས་ཨ་སྒོར་ཐེར་འབུམ་༩༠ བྱས་ཡོད་ནའང་མ་འོངས་༢༠༡༥ ནང་ཚུད་ལ་ཚོང་འབྲེལ་མཉམ་ལས་ཨ་སྒོར་ཐེར་འབུམ་༡༠༠ ལྷག་མང་དུ་གཏོང་རྒྱུའི་བཀའ་མོལ་གནང་ཡོད་པ་དང། ད་དུང་གྲོས་མཐུན་རིམ་པ་མང་པོར་མོས་མཐུན་གྱི་མཚན་རྟགས་སྐྱོན་པའི་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎