བོད་མི་བསོད་ནམས་གསོད་མཁན་དོགས་གཞི་ཅན་འཛིན་བཟུང།

སེམས་ཅན་གཙོད་ཀྱི་སྐོར་གློག་བརྙན་བཟོ་སྐྲུན་གནང་མཁན་བསོད་ནམས་དར་རྒྱས་བསད་མཁན་དོགས་གཞི་ཅན་འཛིན་བཟུང་བྱས་ཡོད་པ།
2011-12-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྩ་སྟོང་འགྲོ་ལ་ཉེ་བའི་བོད་ཀྱི་སེམས་ཅན་གཙོད་ཀྱི་སྐོར་གློག་བརྙན་བཟོ་སྐྲུན་གནང་མཁན་རྒྱ་ནག་གཞུང་གི་་དཔོན་རིགས་གྲས་བསོད་ནམས་དར་རྒྱས་བསད་ནས་མི་ལོ་༡༧ ཕྱིན་པའི་རྗེས་སུ། ད་རེས་རྒྱ་ནག་ཉེན་རྟོག་པས་བསོད་ནམས་དར་རྒྱས་བསད་མཁན་དོགས་གཞི་ཅན་འཛིན་བཟུང་བྱས་ཡོད་པའི་སྐོར་པེ་ཅིང་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག་
ནགས་ཚལ་དང་སེམས་ཅན་སྲུང་སྐྱོབ་གནང་མཁན་རྒྱ་གཞུང་གི་་དཔོན་རིགས་བསོད་ནམས་དར་རྒྱས་ལགས་ཀྱིས་ཕྱི་ལོ་༡༩༩༤ ལོར་རྒྱ་ནག་གི་ལྷོ་ཕྱོགས་ཁུལ་དུ་སེམས་ཅན་རྩ་སྟོང་འགྲོ་ལ་ཉེ་བའི་གཙོད་སྲུང་སྐྱོབ་བྱེད་པའི་སྐབས་མེ་མདའ་འཕེན་རེས་བྱས་པའི་ནང་རྐྱེན་ལམ་དུ་ཕྱིན་ཡོད་ཅིང༌། བསོད་ནམས་དར་རྒྱས་ལགས་ཀྱིས་༢༠༠༤ ལོར་རྒྱ་རིགས་ལུ་ཁྲུའན་ཡིས་འཁྲབ་ཁྲིད་བྱས་ཏེ། རྩ་སྟོང་འགྲོ་ལ་ཉེ་བའི་བོད་ཀྱི་སེམས་ཅན་གཙོད་སྲུང་སྐྱོབ་ཀྱི་གློག་བརྙན་ཞིག་བཟོ་སྐྲུན་བྱས་ཏེ། དེའི་མིང་ལ་རི་བརྒྱུད་ཀྱི་མྱུལ་ཞིབ་ཅེས་པ་དེ་ཡིན་ཞིང༌། གློག་བརྙན་དེ་ནི་གྲགས་ཆེན་པོ་བྱུང་ཡོད་པ་རེད། སེམས་ཅན་གཙོད་ཀྱི་ཁུ་ལུས་རྒྱས་སྤྲོས་ལྡན་པའི་མིའི་གྱོན་ཆས་བཟོ་བར་དར་བཟོ་བྱས་ཏེ་ཁུ་ལུའི་ཆེད་དུ་གཙོད་མང་པོ་རི་དྭགས་རྒྱབ་ཏེ་སེམས་ཅན་དེ་སྟོང་ལ་ཉེ་བའི་གནས་སུ་གྱུར་བའི་སྐབས། བསོད་ནམས་དར་རྒྱས་ལགས་ཀྱིས་གཙོད་ཀྱི་སྐོར་གློག་བརྙན་བཟོ་སྐྲུན་བྱས་པའི་རྗེས། སེམས་ཅན་དེ་རྩ་སྟོང་འགྲོ་ལ་ཉེ་བའི་གནས་སྟངས་མི་དམངས་ཚོས་དོ་སྣང་དང་སེམས་འཁུར་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ། མི་དྲུག་གི་ངོས་ལེན་མགོ་བཏགས་ཞུས་པའི་རྗེས། རེས་གཟའ་ཉི་མའི་ཉིན་དོགས་གཞི་ཅན་མི་ཁག་ཅིག་འཛིན་བཟུང་བྱས་པའི་ནང་བསོད་ནམས་དར་རྒྱས་ལགས་བསད་མཁན་ཡང་འཛིན་བཟུང་བྱས་ཡོད་པའི་སྐོར་བཤད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།