ཨ་མདོ་ཁུལ་གྱི་དམངས་ཁྲོད་རྡུང་ལེན་པ་འཛིན་བཟུང༌།

བོད་ཨ་མདོ་ཁུལ་གྱི་དམངས་ཁྲོད་རྡུང་ལེན་པ་ཤེས་རབ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀའ་ཉར་བྱས་ཡོད་འདུག

2009.02.04

༄༅༎ཕྱི་ཟླ་གཉིས་པའི་ཚེས་གསུམ་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན་ཧ་ལམ་ཟླ་བ་གཅིག་ལྷག་གི་སྔོན་ལ་བོད་ཨ་མདོ་རྨ་ལྷོ་ཁུལ་སོག་པོའི་རྫོང་གི་དམངས་ཁྲོད་ཀྱི་རྡུང་ལེན་པ་དང་ཁ་ཤགས་བཤད་མཁན་གླུ་བ་སོག་ཕྲུག་ཤེས་ལགས་ཀྱིས་བོད་མིའི་སྐྱིད་སྡུག་དང་འབྲེལ་བའི་སྐད་འཁོར་ཅིག་གསར་སྐྲུན་འགྲེམ་སྤེལ་བྱས་པར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་ཚུལ་བརྗོད་ནའང༌། སྒྲ་འཁོར་འདིའི་མིང་ལ་ཅི་ཟེར་ཤེས་རྟོག་མེད་ཀྱང་དེའི་ཁྲོད་ཀྱི་སྒྲ་སྙན་རྡུང་ལེན་སྤྱི་ལོ་ ༡༩༥༨-༢༠༠༨ ཞེས་པའི་གླུང་དབྱངས་དེ་ད་ལྟ་བོད་ཨ་མདོ་ཕྱོགས་སུ་གསར་བའི་སྒོ་ནས་དར་ཁྱབ་ཆེན་པོ་ཡོད་ཟེར།ཡང་ད་ལྟ་ཨོས྄་ཁྲརེ་ལི་ཡའི་ནང་ཡོད་པའི་བོད་མི་ཞིག་གིས་ཁ་སྔོན་ཁོང་གིས་ཕ་ཡུལ་ཕྱོགས་སུ་འབྲེལ་གཏུགས་བྱེད་སྐབས་མི་མང་པོ་ཞིག་གིས་སོག་ཕྲུག་ཤེས་རབ་ལགས་ཀྱི་གོང་བརྗོད་གླུ་གཞས་དེ་ལག་ཁྱེར་ཁ་པར་ནང་བཅུག་ཡོད་པ་གསུངས་བྱུང༌ལ་དེ་བཞིན་སོག་ཕྲུག་ཤེས་རབ་ལགས་ཀྱིས་སྐད་འཁོར་གསར་པ་དེ་གསར་སྐྲུན་འགྲེམ་སྤེལ་བྱས་མ་ཐག་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད་ད་ལྟ་སྐད་འཁོར་རྣམས་གཞུང་བཞེས་བྱས་ནས་ཚོང་རྭར་བཙོང་ཆོག་གི་མེ་ཟེར། སོག་ཕྲུག་ཤེས་རབ་ལགས་ནི་བོད་ཨ་མདོ་ཁུལ་གྱི་གཞོན་སྐྱེས་གླུ་བ་ཞིག་ཡིན་ཞིང་།དེ་སྔོན་མཚོ་སྔོན་རླུང་འཕྲིན་ཁང་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་རིག་རྩལ་དགོང་ཚོགས་སོགས་སུ་ཞུགས་མྱོང་མཁན་ཞིག་ཡིན་ཚུལ་ལས་ཁོང་གི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་གཞན་གང་ཡང་ད་ལྟའི་བར་རྒྱུས་ལོན་བྱེད་ཐུབ་མེད་པ་རེད།

༡༩༥༨-༢༠༠༨ གཞས་ཚིག

འདིལི་སྤྱི་ལོ་ང་བརྒྱད་ལོ། དགྲ་ནག་པོ་བོད་ལ་ཐོན་གི་ལོ།

རྗེ་བླ་མ་བཙོན་ལ་བཟུང་གི་ལོ། ལོ་གན་ན་ང་ཚོ་འཇིགས་སྣང་ཆེ།

ལོ་གན་ན་ང་ཚོ་འཇིགས་སྣང་ཆེ།

འདི་ལོ་སྤྱི་ལོ་ང་བརྒྱད་ལོ། བོད་དཔའ་བོ་ཁྲག་ལ་སྦྱར་བའི་ལོ།

བོད་ཉེས་མེད་བཙོན་བཟུང་གི་ལོ། ལོ་གན་ན་ང་ཚོ་འཇིགས་སྣང༌ཆེ།

ལོ་གན་ན་ང་ཚོ་འཇིགས་སྣང་ཆེ།

འདིའི་ལོ་ཉིས་སྟོང་བརྒྱད་ཀྱི་ལོ། བོད་ཉེས་མེད་གཅར་རྡུང་བྱེད་ཀྱི་ལོ།

སའི་གོ་ལའི་འབངས་མི་བསད་པའི་ལོ། ལོ་གན་ན་ང་ཚོ་འཇིགས་སྣང་ཆེ།

ལོ་གན་ན་ང་ཚོ་འཇིགས་སྣང་ཆེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་གི་བོད་རིགས་དཔོན་རིགས་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎