ལྷ་སའི་ནང་གནས་སྡོད་བྱེད་མཁན་བོད་མི་ཞིག་འཛིན་བཟུང་།

བོད་མི་པ་སངས་ནོར་བུ་ཟེར་བ་ཞིག་ངོ་ལོག་གི་གནས་ཚུལ་སྤེལ་བའི་དོགས་གཞིའི་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

2009.08.31

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་གནས་སྡོད་བྱེད་མཁན་བོད་མི་པ་སངས་ནོར་བུ་ཟེར་བ་ཞིག་འདི་ཚེས་བཅུ་གཉིས་ཉིན་ངོ་ལོག་གི་གནས་ཚུལ་སྤེལ་བའི་དོགས་གཞིའི་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན་རང་ལོ་བཅུ་དགུ་སོན་པའི་པ་སངས་ནོར་བུ་གྲོང་ཁྱེར་ལྷ་སའི་གཙང་རལ་ལམ་ཞེས་པའི་ཐོག་ཡོད་པའི་གནས་འཕྲིན་དྲ་རྒྱ་བེད་སྤྱོད་བྱ་ས་ཞིག་ཏུ་དྲ་རྒྱའི་ནང་འཛུལ་ཏེ་སྔ་ལོའི་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་ལྷ་སའི་དོན་རྐྱེན་གྱི་འདྲ་དཔར་དང་དེ་དང་འབྲེལ་བའི་གནས་ཚུལ་དེ་བཞིན་བོད་རང་བཙན་དང་འབྲེལ་བའི་ནང་དོན་བལྟ་ཀློག་བྱས་པའི་ཉེས་འཛུགས་ཀྱི་ཐོག་ནས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གྱོད་གཞི་དེའི་སྐོར་རྒྱ་ནག་གཞུང་གིས་རྩད་ཞིབ་མུ་མཐུད་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་གནང་གི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎