བོད་རྒྱའི་འབྲེལ་མོལ་ཐེངས་གཉིས་པ་དེ་གནང་རྒྱུའི་ཁས་ལེན་གནང་བ།

རྒྱ་ནག་གི་འགོ་འཁྲིད་ཚོས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དང་ མཇལ་མོལ་ཐེངས་གཉིས་པ་དེ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད་

2008.05.05

༄༅༎རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དང་མཇལ་མོལ་

ཐེངས་གཉིས་པ་དེ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད་ རྒྱ་ནག་གཞུང་འབྲེལ་སི་སི་ཊི་ཝི་

བརྙན་འཕྲིན་ལས་ཁང་གིས་རེས་གཟའ་ཉི་མའི་ཉིན་གུང་གི་རྒྱང་སྲིང་ལས་རིམ་ནང་༧གོང་ས་མཆོག་གི་

སྐུ་ཚབ་རྣམ་གཉིས་རྒྱ་གར་དུ་༧གོང་ས་མཆོག་ལ་སྙན་སེང་ཞུ་བར་བཅར་དགོས་པ་དང་ཕྱོགས་

ཕན་ཚུན་གཉིས་ཀས་དུས་ཚོད་སྟབས་ལེགས་ཤིག་ལ་བསྐྱར་དུ་མཇལ་རྒྱུའི་མོས་མཐུན་བྱུང་སྐོར་

སི་སི་ཊི་ཝི་བརྙན་འཕྲིན་ལས་ཁང་གིས་བརྗོད་ཡོད་པ་རེད་ ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་

གསར་འགྱུར་ལས་ཁང་གིས་ཉིན་གཅིག་གི་འབྲེལ་མོལ་དེ་མཇུག་བསྒྲིལ་ཟིན་པ་དང་འབྲེལ་མོལ་

དེའི་ནང་བཀའ་མོལ་ཇི་བྱུང་གཞུང་འབྲེལ་གྱི་གསལ་བཤད་གང་ཡང་གནང་མེད་པ་རེད་ ཡིན་ནའང་རྒྱ་གཞུང་གི་དཔོན་རིགས་ཚོས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པར་ཉེ་ལམ་བོད་ནང་

ངོ་རྒོལ་གྱི་ལས་འགུལ་མང་དག་བྱུང་བ་དེས་ཕྱོགས་ཕན་ཚུན་དབར་འབྲེལ་མོལ་གནང་རྒྱུར་འགོག་རྐྱེན་

གསར་པ་ཞིག་ཆགས་ཡོད་སྐོར་བརྗོད་ཡོད་པ་རེད་ རྒྱལ་སྤྱིའི་ཐོག་ཉེ་ལམ་བོད་རྒྱ་ཁྱབ་ཏུ་ངོ་རྒོལ་གྱི་

ལས་འགུལ་བྱུང་བ་དེར་རྒྱ་གཞུང་གིས་གདུག་རྩུབ་ཆེན་པོའི་ཐོག་དྲག་གནོན་བྱས་པར་སྐྱོན་བརྗོད་

ཤུགས་ཆེ་ཕོག་ཡོད་པ་དང་གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་རྒྱ་གཞུང་ནས་

༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་མཇལ་མོལ་གནང་རྒྱུའི་ཐག་གཅོད་དེ་པེ་ཅིང་ཨོ་ལིམ་པིཀ་

རྩེད་འགྲན་དང་ཉེ་བའི་དུས་སྐབས་དེར་སྐྱོན་བརྗོད་མི་ཕོག་རྒྱུའི་ཆེད་སྲིད་བྱུས་ཤིག་འཛིན་པ་ཡིན་

སྐོར་འགྲེལ་བརྗོད་གནང་གི་ཡོད་པ་རེད་ ༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དང་རྒྱ་གཞུང་གི་

དཔོན་རིགས་དབར་གྱི་མཇལ་མོལ་དེ་ཧོང་ཀོང་ཉེ་འཁྲིས་ཤན་ཀྲན་གྲོང་ཁྱེར་དེར་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎