རྒྱ་ནག་དང་ཨོ་སི་ཁྲི་ལེ་ཡའི་བར་རྫུན་བཟོ་བྱས་པའི་པར་རིས་ཞིག་གི་རྩོད་རྙོག་དང་འགལ་ཟླ་ཇེ་ཆེ།

2020-12-01
Share
རྒྱ་ནག་དང་ཨོ་སི་ཁྲི་ལེ་ཡའི་བར་རྫུན་བཟོ་བྱས་པའི་པར་རིས་ཞིག་གི་རྩོད་རྙོག་དང་འགལ་ཟླ་ཇེ་ཆེ། ཨཧྥ་གྷ་ནིསི་ཐན་ནང་གི་ཨོ་སི་ཁྲི་ལེ་ཡའི་དམག་མི་ཞིག ༢༠༠༨
Reuters

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པས་དྲའཕྲིན་ཐོག་སྤེལ་བའི་རྫུན་བཟོའི་པར་རིས་ཐད་དགོངས་གསལ་མ་ཞུས་པའི་ཁར་རྩོད་རྙོག་གི་ཤུགས་རྐྱེན་ཚོང་འབྲེལ་ཐོག་ལ་ཡང་འབྱུང་བཞིན་འདུག
རྒྱ་ནག་གི་རི་མོ་དང་པར་རིས་སྒྱུ་རྩལ་བ་ཞིག་གིས་རྫུན་བཟོས་བྱས་པ། ཨོ་སི་ཁྲི་ལེ་ཡའི་དམག་མི་ཞིག་གིས་ཨཧྥ་གྷ་ནིསི་ཐན་གྱི་ཡུལ་མིའི་ཕྲུ་གུ་ཞིག་གི་སྐེ་ལ་གྲི་རྒྱབ་ནས་ཁྲག་ཐོན་བཞིན་པའི་པར་རིས་ཞིག་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཀྲའོ་ལི་ཇན་གྱི་དྲྭ་འཕྲིན་ཐོག་སྤེལ་ཡོད་པར་བརྟེན། ཨོ་སི་ཁྲི་ལེ་ཡའི་སྲིད་བློན་(Scott Morrison)མཆོག་གིས་རྒྱ་ནག་གི་མགྲིན་ཚབ་པས་དགོངས་སེལ་ཞུ་དགོས་པ་གསུངས་ཡོད་ཀྱང་དེར་རྒྱ་ནག་གིས་ངོས་ལེན་མ་བྱས་པའི་ཐོག (Australia)འི་གཞུང་གིས་རྒྱལ་ཞེན་སློང་ཐབས་སུ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ལུགས་ལྡོག་ཕྱོགས་ཀྱི་ལན་འདེབས་བྱས་ཡོད་པ་རེད།
གནད་དོན་དེའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་(Global Times)ཡིས། གོང་གསལ་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པའི་དྲྭ་རྒྱའི་ཐོག་སྤེལ་པའི་རྩོད་གཞི་ཅན་གྱི་རི་མོ་དེ་འབྲི་མཁན་མི་དེར་བཅར་འདྲི་བྱས་ཡོད་པ་དང་། ཕྱོགས་མཚུངས་དེ་ནི་ཨོ་སི་ཁྲི་ལེ་ཡའི་སྲིད་དོན་པ་འགའ་རེས་གོ་དོན་ལེགས་རྟོགས་མེད་པར་ཉེས་མེད་ཉེས་བཙུགས་བྱས་བའི་སྐོར་ཨོ་སི་ཁྲི་ལེ་ཡར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ལས་ཁང་གིས་གཟའ་མིག་དམར་གྱི་ཉིན་ལན་འདེབས་བྱས་ཡོད་པ་རེད་འདུག
གནད་དོན་དེའི་ཐད་ཨོ་སི་ཁྲི་ལེ་ཡའི་ཚོང་དོན་དང་ཕྱི་འབྲེལ་དྲུང་ཆེས་རྒྱ་ནག་གི་གཞུང་ཚབ་(Cheng Jingye)དང་ཐུག་འཕྲད་བྱས་ཏེ། དངོས་འབྲེལ་གྱི་གནས་སྟངས་དང་མི་མཐུན་པའི་པར་རིས་འགྲེམས་སྤེལ་ལ་སྐྱོན་འཛུགས་བྱས་ཀྱང་དེར་རྒྱ་ནག་གཞུང་ཚབ་པས་ཁས་ལེན་རྩ་ནས་བྱས་མེད་པ་རེད་འདུག
དེའི་ཐད་ནིའུ་ཛ་ལན་ཌེའི་སྲིད་བློན་(Jacinda Ardern)མཆོག་གིས་ཀྱང་རྒྱ་ནག་གཞུང་གིས་དངོས་ཡོད་ཀྱི་གནས་སྟངས་དང་མི་མཐུན་པའི་དམག་མིའི་པར་རིས་བཏོན་པ་དེ་ཚོར་ཐུགས་ཚབས་ཡོད་ལུགས་གསུངས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།