ཐེ་ཝན་གྱི་ཡུལ་སྐོར་བ་བོད་ནང་བསྐྱོད་རྒྱུར་བཀག་སྡོམ་བྱས་འདུག


2016.12.16
བོད་ནང་གི་ཡུལ་སྐོར་ལས་ཁུངས་ཀྱི་ཡིག་ཆ། བོད་ནང་གི་ཡུལ་སྐོར་ལས་ཁུངས་ཀྱི་ཡིག་ཆ།
རྒྱ་ནག་གི་དྲ་རྒྱ།

ཐེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་མ་བཅུག་པར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཀྱི་འདུག
དེ་ཡང་རྒྱ་ནག་གིས་ཐེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་དང་། ཐེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་འཛུལ་ཞུགས་ཆོག་པའི་དགོས་ངེས་ཅན་གྱི་མཐོང་མཆན་ལག་འཁྱེར་གཙོས་པའི་ཡིག་ཆ་སྤྲོད་ཀྱི་མེད་པ་དང་། ཁོང་ཚོ་བོད་ནང་འཛུལ་ཞུགས་ཆེད་བོད་ནང་ནས་ཆོག་མཆན་ཡི་གེ་ཞུ་དགོས་སྐོར་ཐེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁང་གི་ལས་བྱེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ཁ་པར་བརྒྱུད་ནས་བརྗོད་ཡོད། ཁོ་མོས་ཡུལ་སྐོར་སྤྲོ་འཆམ་པའི་ཁེ་གཉེར་ལས་ཁང་དེས་ཟླ་བ་འདིར་བོད་ནང་སྐོར་བསྐྱོད་ལ་འགྲོ་མཁན་ཚོགས་པ་གཉིས་བཏང་ན་ཡང་ཁོང་ཚོར་ད་དུང་ཡང་ཆོག་མཆན་ཡིག་ཆ་སྤྲད་མི་འདུག་ཅེས་དང་། བོད་ནང་བསྐྱོད་རྒྱུའི་མཐོང་ཆེན་སྤྲོད་མི་དགོས་པའི་རྒྱུ་མཚན་ཇི་ཡིན་ཐད་ཀར་ལན་སྤྲད་མ་སོང་ བྱས་ཙང་ད་ལྟའི་འཆར་བོད་ནང་འགྲོ་འདོད་ཡོད་མི་ཚོའི་མིང་ཐོ་ལེན་གྱི་མེད་སྐོར་བརྗོད་འདུག
ཡང་ལས་བྱེད་པ་དེས་ཧོང་ཀོང་ནང་གནས་སྡོད་བྱེད་མཁན་དང་རྒྱ་ནག་གི་མི་སེར་ཡིན་པ་ཚོ་ཡིག་ཆ་མེད་ན་ཡང་རྒྱ་ནག་ནང་བསྐྱོད་ཆོག་པའི་ཆོག་མཆན་ཡོད་ན་བོད་ནང་འགྲོ་ཆོག་གི་ཡོད་ལུགས་བརྗོད་འདུག
ཐེ་ཝན་ནང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གཞན་ཞིག་གི་ལས་བྱེད་པ་ཞིག་གིས། ཁོང་ཚོར་ཡང་གོང་ཞུས་དཀའ་ངལ་དེ་འཕྲད་བཞིན་པའི་རྐྱེན་གྱིས་ད་ཆ་བོད་ནང་སྐོར་བསྐྱོད་ཆེད་མི་ཁྲིད་ཀྱི་མེད་སྐོར་བརྗོད་འདུག
གནས་ཚུལ་འདིི་ཐད་བོད་ནང་གི་མགྲོན་ཁང་ཞིག་ལ་ཁ་པར་བཏང་སྟེ་གོང་ཞུས་གནས་ཚུལ་སྐོར་འདྲི་རྩད་བྱས་སྐབས། མགྲོན་ཁང་དེའི་ལས་བྱེད་པ་ཞིག་གིས་བོད་ནང་བསྐྱོད་རྒྱུའི་དམིགས་བསལ་གྱི་ཡི་གེ་ཁ་སྣོན་ཞིག་མེད་པར་ཕྱི་མི་སུ་ཞིག་ཀྱང་འཛུལ་བཞུགས་བྱེད་དུ་འཇུག་གི་མེད་སྐོར་བརྗོད་འདུག
བོད་པའི་ཡུལ་སྐོར་ལས་ཁང་ཞིག་གིས་ཀྱང་བོད་ནང་བསྐྱོད་ཆོག་པའི་ཡི་གེ་མེད་ན་བོད་ནང་ཡོང་ཆོག་གི་མེད་པའི་གནས་ཚུལ་ར་སྤྲོད་གནང་འདུག
བོད་ནང་ཐེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་བཀག་སྡོམ་བྱས་པ་དེ་ནི་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚ་ཡེ་དབྱིངས་ཝན་རྣམ་གཉིས་ཞལ་པར་བརྒྱུད་བཀའ་མོལ་གནང་བ་དང་། ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཨ་རིས་ལག་པ་འཆང་དགོས་དོན་མེད་སྐོར་གསུངས་པའི་རྗེས་སུ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎