རྒྱ་ནག་གཞུང་ནི་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་ཡིན་པ་ཐེར་འདོན།

2019-12-11
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་ཉེན་རྟོག་པས་པེ་ཅིང་དུ་གསར་འགོད་པ་འགོག་ཐབས་བྱེད་བཞིན་པ། ༢༠༡༤།༡།༢༦
རྒྱ་ནག་གི་ཉེན་རྟོག་པས་པེ་ཅིང་དུ་གསར་འགོད་པ་འགོག་ཐབས་བྱེད་བཞིན་པ། ༢༠༡༤།༡།༢༦
AP

འཛམ་གླིང་ཐོག་གསར་འགོད་པ་ཆེས་མང་ཤོས་བཙོན་བཅུག་བྱེད་མཁན་གཙོ་བོ་རྒྱ་ནག་ཡིན་པ་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ཐེར་འདོན་བྱས་འདུག
སྤྱི་ལོ་༢༠༡༩་ལོར་འཛམ་གླིང་སྤྱི་ཡོངས་ནས་གསར་འགོད་པ་༢༥༠་བཙོན་ཏུ་བཅུག་ཡོད་པའི་ཁོངས་ནས། རྒྱ་ནག་མང་ཤོས་ཆགས་ཡོད་པ་ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོཊ་པས་སྙན་ཐོ་བཏོན་པའི་ནང་འཁོད་ཡོད་པ་དང་། རྒྱ་ནག་ནང་༢༠༡༩་ལོར་ཉུང་མཐར་ཡང་གསར་འགོད་པ་༤༨་བཙོན་འཇུག་བྱས་ཡོད་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་གསར་འགོད་རང་དབང་ཐོག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་སྔོན་མ་ལས་གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་མང་དུ་ཕྱིན་ཡོད་པ་དང་། རྒྱ་ནག་གིས་གསར་འགོད་པ་དེ་ཚོས་རྒྱལ་ཁབ་ལ་ངོ་རྒོལ་དང་། གསར་འགྱུར་རྫུན་བཟོ་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག
རྒྱ་ནག་ཕུད་པའི་གསར་འགོད་པ་བཙོན་འཇུག་བྱེད་མཁན་གཏེ་བོའི་གྲས་སུ་ཏུར་ཀེ་(Turkey)་དང་། སོའུ་ཌེ་ཨ་རབ་བྷེ་ཡ་(Saudi Arabia) ཨེ་ཇབ་(Egypt) ཝེ་ཏི་ནམ་(Vietnam)་དང་ཨཡེ་རན་(Iran)་སོགས་ཡིན་འདུག
རྒྱ་ནག་གཞུང་གིས་གོང་ཞུས་སྙན་ཐོ་དེ་ལ་ངོས་ལེན་བྱས་མེད་པ་དང་། རྒྱ་ནག་ནང་གསར་འགོད་རང་དབང་ཡོད་སྐོར་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་བརྗོད་འདུག
གཞན་ཡང་གོང་ཞུས་སྙན་ཐོ་དེའི་ནང་། སྲིད་དབང་སྒེར་གཅོད་རིང་ལུགས་དང་། དཀྱིལ་ཤར་ཡུལ་གྲུའི་ནང་བརྟན་ལྷིང་མེད་པའི་ངོ་རྒོལ་གྱི་རྐྱེན་གྱིས་གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་མང་དུ་ཕྱིན་ཡོད་ལུཊ་བརྗོད་འདུག
གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པ་(CPJ)་ཞེས་པ་དེ། སྤྱི་ལོ་༡༩༨༡་ལོར་གསར་འཛུགས་བྱས་བ་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ཨ་རིའི་རང་དབང་ཅན་གྱི་ཚོགས་པ་ཞིག་ཡིན་པ་དང་། གསར་འགོད་ཚོགས་པ་དེས་འཛམ་གླིང་གི་ས་ཕྱོགས་གང་སར་གསར་འགོད་རང་དབང་དང་གསར་འགོད་པའི་ཐོབ་ཐང་སྲུང་སྐྱོབ་གནང་གི་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།