བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་དྲུག་འཛིན་བཟུང༌།

བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་དྲུག་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་རྒྱ་ནག་གི་ཉེན་སྲུང་མི་སྣས་འཛིན་བཟུང་བྱས་འདུག

2009-12-09
Share

༄༅༎བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་མང་ཆེ་བ་དགུན་དུས་ཡོང་གི་ཡོད་ཀྱང་།བར་ལམ་ནས་བོད་ནང་དམ་བསྒྲགས་ཆེ་བའི་དབང་གིས་བྲོས་བྱོལ་དུ་ཡོང་མཁན་གྱི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།ཡིན་ནའང་ཟླ་བ་སྔོན་མའི་ཚེས་ཉི་ཤུ་རྩ་དྲུག་གི་ཉིན་བོད་ཤར་ཕྱོགས་ནས་བོད་མི་ཁག་བཅུ་གཅིག་ལྷ་ས་བརྒྱུད་ནས་མོ་ཊ་གཉིས་ནང་བྲོས་བྱོལ་དུ་ཡོང་སྐབས་བལ་ཡུལ་དང་བོད་ཀྱི་ས་མཚམས་ཀྱི་ཉེ་འགྲམ་དུ་འབྱོར་སྐབས།ས་གནས་རྒྱ་ནག་གི་ཉེན་སྲུང་མི་སྣས་བོད་མི་དྲུག་ཡོད་པའི་མོ་ཊ་དེ་བཀག་ནས་འཛིན་བཟུང་བྱས་ཡོད་པའི་སྐོར་མོ་ཊ་གཉིས་པའི་ནང་ཐར་བའི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་སུ་འགྲེལ་བརྗོད་གནང་བར་གསན་རོགས

གནས་ཚུལ་ལ་གསན་རོགས།

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།