རྒྱ་ནག་གི་སྲིད་འཛིན་གྱིས་ཁེ་ཎ་ཌའི་སྲིད་བློན་དང་གདོང་ཐུག་ནས་གཤེ་གཤེ་བཏང་བ་གསར་འགྱུར་ཆེ་གྲས་སུ་གྱུར།

2022.11.17
Share on WhatsApp
Share on WhatsApp
རྒྱ་ནག་གི་སྲིད་འཛིན་གྱིས་ཁེ་ཎ་ཌའི་སྲིད་བློན་དང་གདོང་ཐུག་ནས་གཤེ་གཤེ་བཏང་བ་གསར་འགྱུར་ཆེ་གྲས་སུ་གྱུར། རྒྱ་ནག་གི་སྲིད་འཛིན་གྱིས་ཁེ་ཎ་ཌའི་སྲིད་བློན་དང་གདོང་ཐུག་ནས་གཤེ་གཤེ་བཏང་སྐབས། ༡༡།༡༦།༢༠༢༢
REUTERS

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་ཁེ་ཎ་ཌའི་སྲིད་བློན་དང་གདོང་ཐུག་ནས་གཤེ་གཤེ་བཏང་བའི་གནས་ཚུལ་ཞིག་རྒྱལ་སྤྱིའི་གསར་ལམ་ཚང་མས་དོ་སྣང་ཆེན་པོས་གནས་ཚུལ་ཕྱིར་བཏོན་བྱས་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་། ཨིན་ཌོ་ནི་ཤེ་ཡར་(Indonesia)་ཚོགས་པའི་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་༢༠འི་ལྷན་ཚོགས་ཀྱི་བར་གསེང་ཞིག་ལ། འདི་ཚེས་༡༦ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་ཁེ་ཎ་ཌའི་སྲིད་བློན་(Justin Trudeau)་དང་གདོང་ཐུག་ནས། སྐད་བསྒྱུར་དང་མཉམ་དུ་རྒྱ་སྐད་ཀྱི་ལམ་ནས་གཤེ་གཤེ་བཏང་བའི་གསར་འགྱུར་བརྙན་དང་བཅས་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཆེན་པོས་ཕྱི་བསྒྲགས་བྱས་ཡོད་པ་དང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གནས་ཚུལ་ཆེ་ཤོས་སུ་གྱུར་ཡོད་པ་དེ་ནི་ནམ་རྒྱུན་མཐོང་དཀོན་པའི་རྒྱ་ནག་གི་འགོ་ཁྲིད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐོར་སོགས་གནས་ཚུལ་སྤེལ་འདུག
གསར་འགྱུར་བརྙན་ཐུང་དེའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་སྐད་བསྒྱུར་བ་དང་མཉམ་ཁེ་ཎ་ཌའི་སྲིད་བློན་(Justin Trudeau)་གྱི་སར་ཡོང་ནས་གདོང་ཐུག་གིས་རྒྱ་སྐད་ཀྱི་ལམ་ནས། ངེད་གཉིས་ཕན་ཚུན་གྲོས་མོལ་བྱུང་བའི་གནས་ཚུལ་དེ་ཚོ་གསར་ལམ་ཁག་ལ་ཕྱིར་གྱར་བྱས་བ་ནི་མི་འགྲིག་པ་ཞིག་རེད། ཚུལ་མཐུན་མ་རེད། དེ་ནི་རྒྱ་ནག་དང་ཕྱི་འབྲེལ་གྱི་འབྲེལ་ལམ་བྱེད་སྟངས་ཞིག་མ་རེད། གལ་ཏེ་ལྷག་བསམ་རྣམ་དག་ཡིན་ན་ང་ཚོ་ཕན་ཚུན་བར་བརྩི་བཀུར་གྱི་ལམ་ནས་འབྲེལ་ལམ་བྱེད་དགོས་བ་རེད། དེ་ལྟར་མ་བྱས་ན་མཇུག་འབྲས་བཤད་ཁག་པོ་རེད་ཅེས་བཤད་འདུག་ལ། དེར་ཁེ་ཎ་ཌའི་སྲིད་བློན་མཆོག་གིས་ལན་འདེབས་གནང་བའི་ནང་། ང་ཚོ་ཁེ་ཎ་ཌའི་ངོས་ནས་རང་དབང་དང་ཕྱི་གསལ་ནང་གསལ་གྱི་གྲོས་མོལ་འབྲེལ་ལམ་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ་དེ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ཀྱི་ཡིན། ང་ཚོ་ཕྱོགས་གཉིས་བར་ལས་དོན་མཉམ་ལས་ཡོང་རྒྱུའི་རེ་བ་ཡོད། འོན་ཀྱང་ཕྱོགས་གཉིས་ཕན་ཚུན་བསམ་ཚུལ་མི་མཐུན་པ་ཡོད་པ་བཤད་འདུག མཐར་ཞི་ཅིན་ཕིན་གྱིས་དང་ཐོག་ཁོར་ཡུག་བསྐྲུན་དགོས་ཚུལ་བཤད་ནས་ཕྱིན་འདུག
དེའི་ཐད་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་ཞེ་ཅིན་ཕིན་གྱི་རྣམ་འགྱུར་ལ་བལྟས་ན། ཁོ་གཉིས་མཇལ་འཕྲད་གྲོས་མོལ་སྐབས་ཁེ་ཎ་ཌའི་སྲིད་བློན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་བ་དེ་གསར་ལམ་ཁག་དུ་ཁྱབ་པར་ཞི་ཅིན་ཕིན་མ་དགའ་བ་གསལ་བོ་རེད། ཡིན་ན་ཡང་དེ་རང་དབང་མང་གཙོ་ལུང་བར་རྒྱུན་ལྡན་ཡིན་པ་ལས་མ་འགྲིག་པ་དང་མ་ཆོག་པ་དེ་འདྲ་མ་རེད། དེ་བས་ཞི་ཅིན་ཕིན་གྱི་བྱ་སྤྱོད་དེ་ནི་རྒྱལ་ཁབ་ཞིག་གི་དབུ་ཁྲིད་ཀྱི་སྤྱོད་ཚུལ་ལས་འདས་བ་དང་བཟང་སྤྱོད་དང་འགལ་བ་ཞིག་ཡིན་པ་ངོས་འཛིན་གནང་གི་འདུག
གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དེ་འདྲ་མི་དགའ་དོན་ནི། སྤྱི་ཚེས་༡༥ཉིན། ཁེ་ན་ཌའི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་འཛིན་ཐུག་འཕྲད་སྐབས་སུ། ཁེ་ཎ་ཌའི་ནང་རྒྱ་ནག་གཞུང་གིས་མངོན་གསལ་མ་ཡིན་པའི་ཉེན་རྟོག་ལས་ཁུངས་བཙུགས་པ་དང་། རྒྱ་ནག་གི་སོ་ཉུལ་བས་ཁེ་ཎ་ཌའི་འོས་བསྡུ་ལ་གནོད་སྐྱོན་གཏོང་ཐབས་དང་ཐེ་ཇུས་བྱེད་བཞིན་པར་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་ཅེས་བཤད་ཡོད་པའི་གནས་ཚུལ་དང་འབྲེལ་བ་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག་ལ། དེ་ནི་ཁེ་ཎ་ཌའི་སྲིད་བློན་གྱིས་ལོ་ངོ་གསུམ་གྱི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་གླེང་མོལ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག
འདི་ཚེས་༡༧གཟའ་ཕུར་བུ་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་དེའི་ཐད། རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གྱིས་ཁེ་ཎ་ཌའི་སྲིད་བློན་(Justin Trudeau)་གཤེ་གཤེ་བཏང་མེད་ཚུལ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་ལན་བཏབ་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎