རྒྱ་ནག་གཞུང་གིས་ཤར་ཐུར་ཀི་སི་ཐན་ཁུལ་གྱི་གྲོང་ཚོ་མང་པོ་ཞིག་གི་མིང་བསྒྱུར་ཡོད་པ།

2024.06.19
རྒྱ་ནག་གཞུང་གིས་ཤར་ཐུར་ཀི་སི་ཐན་ཁུལ་གྱི་གྲོང་ཚོ་མང་པོ་ཞིག་གི་མིང་བསྒྱུར་ཡོད་པ།
ཨི་པི།

རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཐུར་ཀི་སི་ཐན་ཁུལ་གྱི་གྲོང་ཚོ་མང་པོ་ཞིག་གི་མིང་བསྒྱུར་ཡོད་པ་དང་བསྟུན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དག་གིས་དེ་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་རིག་གཞུང་རྩ་མེད་གཏོང་བའི་བྱ་སྤྱོད་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
དེ་ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གི་ཞིབ་འཇུག་སྙན་ཐོ་ལྟར་ན།རྒྱ་ནག་གཞུང་གིས་ཤིང་ཅང་ངམ་ཤར་ཐུར་ཀི་སི་ཐན་ཁུལ་གྱི་ཡུ་གུར་མི་རིགས་ཀྱི་ཆོས་ལུགས་དང་།ལོ་རྒྱུས།དེ་བཞིན་རིག་གནས་སོགས་མཚོན་པའི་གྲོང་ཚོ་བརྒྱ་ཕྲག་མང་པོའི་མིང་རྒྱ་ནག་གཞུང་གིས་ཆབ་སྲིད་དྲིལ་བསྒྲགས་དང་མཐུན་པའི་༼འཆམ་མཐུན་དང་། བདེ་སྐྱིད།༽ཟེར་བ་སོགས་ལ་མིང་བསྒྱུར་བྱས་དང་བྱེད་མུས་ཡིན་པ་རེད་ལ། འདི་ཐད་Human Rights Watch འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། ནོར་ཝེའི་ནང་ཡོད་པའི་ཡུ་གུར་བར་རོགས་རམ་ཚོགས་པ་Uyghur Hjelpཞེས་པ་མཉམ་འབྲེལ་གྱིས་སྤྱི་ཟླ་༦ཚེས་༡༨ཉིན་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བར་ལྟར་ན། རྒྱ་ནག་གཞུང་གིས་མིང་བསྒྱུར་བྱས་པའི་ཤིང་ཅང་གི་གྲོང་ཚོ་དེ་དག་ཕལ་ཆེ་བ་ཁ་ཤི་སྒར་དང་། ཨག་སུའུ། ཧེ་ཐན་སོགས་སུ་ཡོད་པ་དང་། གྲོང་ཚོ་མིང་བསྒྱུར་བྱེད་རྒྱུ་དེ་མུ་མཐུད་དུ་འགྲོ་བཞིན་པ་ཡིན་ཡང་། ཤུགས་ཆེ་ཤོས་དེ་སྤྱི་ལོ་༢༠༢༧ནས་༢༠༡༩ལོའི་བར་བྱུང་ཡོད་ཅིང་། དུས་ཚོད་དེ་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཤུགས་ཆེ་གཏོང་བའི་དུས་སྐབས་སུ་འཁེལ་གྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༩ལོ་ནས་༢༠༢༣ལོ་བར་ཡུ་གུར་མི་རིགས་ཀྱི་གྲོང་ཚོ་དང་གྲོང་སྡེ་༣༦༠༠ལྷག་གི་མིང་བསྒྱུར་ཡོད་པ་དང་། དེ་དག་ལས་མིང་༦༣༠ལྷག་ཡུ་གུར་མི་རིགས་ཀྱི་ཆོས་ལུགས་དང་ལོ་རྒྱུས།རིག་གནས་སོགས་དང་འབྲེལ་ཡོད་ཅིང་། དེ་ཡང་དཔེར་ན་(ཨ་ཁུ་མེ་ཆི་གྲོང་ཚོ་)ཞེས་པ་དེའི་ནང་དོན་ཁ་ཆེའི་ཆོས་ཁང་དཀར་པོ་ཟེར་གྱི་ཡོད་པ་དེ་ཡང་སྤྱི་ལོ་༢༠༡༨ལོར་མཐུན་སྒྲིལ་གྲོང་ཚོ་ཞེས་པར་འགྱུར་ཡོད་པ་རེད་ལ།
དེ་ཡང་དཔེར་ན་(ཨ་ཁུ་མེ་ཆི་གྲོང་ཚོ་)ཞེས་པ་དེའི་ནང་དོན་དབྱི་སི་ལན་གྱི་ཁ་ཆེའི་ཆོས་ཁང་དཀར་པོ་ཟེར་གྱི་ཡོད་པ་དེ་སྤྱི་ལོ་༢༠༡༨ལོར་(Tuanjie )མཐུན་སྒྲིལ་གྲོང་ཚོ་ཞེས་པར་འགྱུར་ཡོད་པ་རེད་ལ། དེ་བཞིན་ཡུ་གུར་བའི་རོལ་ཆ་ཞིག་མིང་ཡོད་པའི་ཏུའུ་ཐར་གྲོང་ཚོ་ཞེས་པ་དེ་ཡང་སྤྱི་ལོ་༢༠༢༢ལོར་རྒྱ་ནག་གཞུང་གིས་(Hongqi )དར་དམར་གྲོང་ཚོ་ཞེས་པར་མིང་བསྒྱུར་བྱས་པ་དང་། གཞན་ད་དུང་(Xingfu)བདེ་སྤྱིད་གྲོང་ཚོ་དང་Hexie འཆམ་མཐུན་གྲོང་ཚོ་ཟེར་བ་སོགས་མང་པོ་ཞིག་བསྒྱུར་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་དུ་ཡང་ལོ་རྒྱུས་ཡུན་རིང་ལྡན་པའི་ས་ཁུལ་གྱི་མིང་བསྒྱུར་བའི་གནས་ཚུལ་དེ་གཅིག་མཚུངས་སུ་བྱུང་བཞིན་ཡོད་པ་དཔེར་ན། རེབ་གོང་རྫོང་ལ་ Tongren དང་། བླ་བྲང་རྫོང་ལ་ Xiahe ཁྲི་ཀ་རྫོང་ལ་Guide ཟེར་བ་སོགས་ཀྱི་མིང་བསྒྱུར་བྱས་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཞིག་གཞུང་འབྲེལ་གྱིས་དབུ་འབྱེད་གནང་འདུག་པའི་ནང་། བོད་འདི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་ར་སྤྲོད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎