རྒྱ་ནག་གིས་ལྦེ་ཀྲི་ཀེན་གྱི་དགག་བྱ་ལ་སྣང་མེད་བཏང་ཡོད་པ།

རྒྱ་ནག་གཞུང་གི་རྒྱབ་གཉེར་དང་ངོས་ལེན་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཀུའོ་ཅིན་ཆའེ་ལ་སློབ་དཔོན་ནམ་སྦི་ཤོབ་ཅིག་བསྐོ་བཞག་བྱས་འདུག

2010.11.20

༄༅༎ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་ལྦེ་ཀྲི་ཀན་གྱིས་དགག་བྱ་ཤུགས་ཆེ་བྱས་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གི་རྒྱབ་གཉེར་དང་ངོས་ལེན་ཡོད་པའི་རྒྱ་ནག་ནང་གི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཁང་ཞིག་ནས་གཟའ་སྤེན་པའི་ཉིན་ཡེ་ཤུའི་ཆོས་དཔོན་ཀུའོ་ཅིན་ཆའེ་ལ་སློབ་དཔོན་ནམ་སྦི་ཤོབ་ཏུ་བསྐོ་བཞག་བྱས་ཡོད་པ་རེད།

རྒྱ་ནག་གིས་བསྐོ་བཞག་བྱས་པའི་སློབ་དཔོན་དེར་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་པོཔ་མཆོག་གིས་བཀའ་ཁྲོལ་མེད་ཅིང་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་ལྦེ་ཀྲི་ཀན་གྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཞིག་དང་ངོ་ཚ་དགོས་པ་ཞིག་ཡིན་པ་བརྗོད་ཡོད་པ་རེད།

ཆོས་དཔོན་ཀུའོ་ཅིན་ཆའེ་ལ་རྒྱ་ནག་གི་ཁྲེང་ཏེ་གྲོང་ཁྱེར་ནང་ཡོད་པའི་ཕིང་ཆོན་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་ཁང་གི་སློབ་དཔོན་དུ་བསྐོ་བཞག་བྱས་པ་འདི་རྒྱ་ནག་གཞུང་གིས་འདས་པའི་ལོ་ལྔའི་ནང་བླ་ཆེན་་པོཔ་གྱིས་བཀའ་ཁྲོལ་མེད་པར་སློབ་དཔོན་བསྐོ་བཞག་བྱས་པ་ཐེངས་དང་པོ་དེ་ཡིན་ཞིང་དེས་རྒྱ་ནག་གཞུང་དང་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་ལྦེ་ཀྲི་ཀན་དབར་གྱི་འབྲེལ་ལམ་ཉམས་གསོ་བྱེད་བཞིན་པའི་འབད་བརྩོན་ལ་དོ་ཕོགས་འབྱུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ལྟེ་གནས་ལྦེ་ཀྲི་ཀན་གྱིས་རྒྱ་ནག་གཞུང་ལ་སློབ་དཔོན་ནམ་སྦི་ཤོབ་དུ་བསྐོ་བཞག་བྱ་རྒྱུའི་མཛད་སྒོའི་དེ་སྔོན་ བླ་ཆེན་པོཔ་གོང་མ་ཚོས་ངོས་འཛིན་ཐོབ་པའི་སློབ་དཔོན་རྣམ་པ་བཞུགས་དགོས་པའི་བཙན་བཀའ་བཏང་ན་མ་འགྲིག་པའི་ཉེན་བརྡ་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་དེར་རྩིས་མེད་ཀྱིས་སློབ་དཔོན་ཁག་གཅིག་མཉམ་ཞུགས་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་ཨེ་ཤི་ཡ་གསར་འགྱུར་ལས་ཁང་ཟེར་བས་གནས་ཚུལ་སྤེལ་འདུག

ཕྱི་ལོ་༡༩༥༡ལོར་རྒྱ་ནག་དམར་པོའི་གཞུང་གིས་ཡེ་ཤུའི་རྣམ་དག་ཆོས་ལུགས་དང་འབྲེལ་ལམ་ཡོངས་སུ་བཅད་ཡོད་ཀྱང་ད་ལྟའི་པོཔ་སྦེ་ནེ་ཌིཀ་ བཅུ་བཞི་པ་མཆོག་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་དུ་ཕེབས་པ་ནས་བཟུང་ཕྱོགས་གཉིས་དབར་གྱི་འབྲེལ་བ་བཟང་དུ་ཕྱིན་ཡོད་ལ་མངོན་གསལ་མེད་པའི་ཐོག་ནས་ལྦེ་ཀྲི་ཀན་གྱིས་རྒྱ་ནག་ནང་སློབ་དཔོན་ནམ་སྦི་ཤོབ་འགའ་ཤས་བསྐོ་བཞག་ཐུབ་པ་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎