དྲ་རྒྱའི་བརྒྱུད་རྒྱ་ནག་ནང་ངོ་རྒོལ་བྱེད་དགོས་པའི་གསལ་བསྒྲགས།

རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་ནང་གཞུང་ལ་ངོ་རྒོལ་ཆེད་འདུ་འཛོམས་བྱེད་མཁན་བྱུང་ཡོད་པར་བརྟེན་དམ་བསྒྲགས་ཤུགས་ཆེན་བྱས་འདུག

2011-02-26
Share

༄༅༎ཕྱི་རྒྱལ་ནང་འགྲེམས་སྤེལ་བྱེད་ཀྱི་ཡོད་པའི་རྒྱ་ཡིག་དྲ་རྒྱ་བོའོ་ཤུན་ཐོག་སྤེལ་མཁན་སུ་ཡིན་མིན་གསལ་པོ་མེད་པའི་འབོད་སྐུལ་ཡི་གེ་ཞིག་རྒྱ་ནག་ནང་འགྲེམས་ནས་ དེའི་ནང་བ་སྤུ་མེ་ཏོག་གི་གསར་རྗེ་ཞེས་པ་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་སྤེལ་རྒྱུའི་དཀྱིལ་ཤར་ཡུལ་གྲུ་མང་ཚོགས་ཀྱིས་ཁྲོམ་གཞུང་དུ་འདོན་ནས་དབང་ཆ་གཅིག་སྡུས་ལམ་ལུགས་མེད་པའི་བཟོ་རྒྱུའི་ལས་འགུལ་ལྟར་ ཕྱི་ཚེས་༢༣གཟའ་ཉི་མའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ཁག་བཅུ་གྲངས་ཤིག་ནང་དུས་གཅིག་ཏུ་མང་ཚོགས་ཚོས་ཕྱི་ལ་འདོན་ནས་འདུ་འཛོམས་བྱ་རྒྱུའི་འབོད་སྐུལ་བྱས་ཡོད་པ་བཞིན་ རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་ནང་འདུ་འཛོམས་བྱེད་མཁན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀྱང་དེའི་ཉིན་མིང་འདོན་བྱས་པའི་གྲོང་ཁྱེར་དེ་ཚོའི་ནང་དམ་བསྒྲགས་ཤུགས་ཆེན་བྱས་པ་དང་འབྲེལ་ ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ནས་  འདུ་འཛོམས་བྱེད་མཁན་ཚོར་ཕྲལ་དུ་ཁ་མཐོར་བཏང་བ་དང༌། དེའི་གོང་ཙམ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚབ་བཟོ་མཁན་སོགས་ནག་ཉེས་བཙུགས་ནས་འཇུ་བཟུང་དང་  ཁག་ཅིག་བཀག་ཉར་དམ་བསྒྲགས་བྱས་ཡོད་པ་རེད་ འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བརྗོད་པར་གཞིགས་ན། རྒྱ་ནག་གཞུང་གིས་གཟའ་ཉི་མའི་བ་སྤུ་མེ་ཏོག་ཟེར་བའི་འདུ་འཛོམས་ཀྱི་ལས་འགུལ་དེ་མ་སྤེལ་སྔོན་ དེ་དང་འབྲེལ་བ་ཡོད་པར་དོགས་གཞི་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་འཇུ་བཟུང་དམ་བསྒྲགས་བྱས་ནས་ལས་འགུལ་དེ་སྤེལ་མི་ཐུབ་པའི་ཐབས་ཤེས་བྱས་ཡོད་པའི་ཁར་གཟའ་ཉི་མའི་གོང་ ཙམ་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གི་རྩོམ་པ་པོ་རན་ཡུན་ཕིའི་དང་ གྲན་དབོད་ ཏང་མའོ་ ལེང་ཧད་ཡིའི་ ཅང་ཐན་ཡུང་ ཐང་པེའི་སོགས་མང་པོ་ཞིག་འཇུ་བཟུང་བྱས་ནས་གར་ཡོད་ཤེས་རྟོགས་གསལ་པོ་མེད་པའི་སྐོར་གསུང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།