བོད་ཀྱི་ལྷ་སའི་ཉེ་འཁོར་གྲོང་གསེབ་ཏུ་བྱ་ནད་སྐོར།

བོད་ཀྱི་ལྷ་སའི་ཉེན་འཁོར་དུ་བྱ་ནད་བྱུང་བའི་སྐོར་རྒྱ་ནག་གིས་ངོས་ལེན་བྱས་པའི་གནས་ཚུལ་ཐོན་འདུག་།

2011-12-13
Share

༄༅༎རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་ཕྱི་ཚེས་ ༡༢ ཉིན་གནས་ཚུལ་སྤེལ་བའི་ནང་ བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་སྟོད་ལུང་བདེ་ཆེན་རྗོང་གི་ཁྱབ་ཁུངས་གསང་མདའ་གྲོང་གསེབ་ཀྱི་ཞིང་པས་གསོ་ཉར་བྱེད་བཞིན་པའི་བྱ་དེ་ ༢༩༠ ཙམ་་ཕྱི་ཚེས་ ༢ ཉིན་བྱ་ནད་ཀྱིས་ཤི་བ་དེ་ཚོད་ལྟ་ཁང་ནང་ཞིབ་འཇུག་བྱས་འབྲས་ H5N1 ཞེས་གྱི་བྱ་ནད་ཤུགས་ཆེ་ཞིག་གི་རྐྱེན་པས་བྱ་དེ་ཤི་རྐྱེན་བྱུང་བ་ཤེས་རྟོགས་བྱུང་འདུག་། རྒྱ་ནག་གི་འབྲེལ་ཡོད་ཚན་པ་མིང་གསལ་པོ་མ་བཏོན་པའི་དཔོན་རིགས་ཤིག་གིས་ བྱ་ནད་ཀྱི་རྐྱེན་པས་་མི་སྣ་་ལ་ནད་ཡམས་ཕོག་ཚུལ་་གྱི་ནད་གཞིའི་རྟགས་མཚན་གང་ཡང་ཐོན་མེད་པ་རེད་འགྲེལ་བརྗོད་བྱས་འདུག་། འོན་ཀྱང་ནད་རིམས་ཁྱབ་བརྡལ་མི་འགྲོ་བའི་ཆེད་དུ་ ས་ཁུལ་དུ་མི་འགྲོ་བསྐྱོད་་ཐོག་བཀག་འགོག་བྱས་པ་མ་ཟད་ ནད་རིམས་ཕོག་ཡུལ་ས་ཁུལ་ནང་ ནང་འབུ་གསོད་བྱེད་ཀྱི་སྨན་སྦྱོར་བྱས་ཡོད་འདུག་། བྱ་ནད་དེ་སྲོག་ཆགས་དུད་འགྲོ་ནས་བྱུང་བའི་ནད་རིམས་ཞིག་ཡིན་པ་དང་ སྤྱིར་སྟངས་བྱས་པ་ཡིན་ན་ བྱ་རིགས་དང་ ཕག་པ་སོགས་ཀྱི་བརྒྱུད་ནས་བྱུང་་པའི་ནད་རིམས་ཤིག་ཡིན་པ་དང་ གལ་ཏེ་མི་ལ་ནད་རིམས་འགོས་ཁྱབ་ཕྱིན་པ་་ཡིན་ན་ ཉེན་ཚབས་ཆེན་པོ་ཡིན་སྲིད་པའི་ནད་རིམས་ཤིག་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།