རྒྱ་ནག་གཞུང་གིས་ས་མཚམས་དང་ཐག་ཉེ་བའི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་རྒྱག་བཞིན་ཡོད་འདུག

2023.07.20
རྒྱ་ནག་གཞུང་གིས་ས་མཚམས་དང་ཐག་ཉེ་བའི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་རྒྱག་བཞིན་ཡོད་འདུག བོད་ཀྱི་ཆུ་ཆེན་ཡར་ཀླུང་གཙང་པོ།
Chinese State Media

རྒྱ་ནག་གཞུང་གིས་གསང་བའི་ཐོག་འཕགས་བོད་ས་མཚམས་ནས་རྒྱང་ཐག་སྤྱི་ལེ་༣༠ཙམ་ཀྱི་སར་ཆུ་མཛོད་རྒྱག་བཞིན་པ་གསར་ལམ་ཁག་མང་པོའི་ནང་གནས་ཚུལ་ཐོན་ཡོད་པ་དང་། ཆུ་མཛོད་དེས་ས་བབ་ཆགས་སྟངས་ཀྱི་ཐོག་ནས་རྒྱ་གར་ལ་མ་འོངས་བར་དཀའ་ངལ་འཕྲད་སྲིད་པ་རེད་འདུག
དེ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་སྨད་ཕྱོགས་སུ་ཆུ་མཛོད་ཧ་ཅང་ཆེན་པོ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པ་དང་། ཡར་ཀླུང་གཙང་པོ་ནི་འཛམ་གླིང་ནང་གཙང་པོ་རིང་ཤོས་ཀྱི་གྲས་ཡིན་པ་དང་། གཙང་པོ་དེ་བོད་ནས་རྒྱ་གར་གྱི་མངའ་སྡེ་(Arunachal)་དང་། ཨ་སམ་བརྒྱུད་བྷང་ལ་དྷེ་ཤེ་དང་དེ་ནས་(Bay of Bengal)་ཞེས་པའི་རྒྱ་མཚོ་བར་བཞུར་བཞིན་ཡོད་འདུག ཡར་ཀླུང་གཙང་པོ་རྒྱ་གར་ཕྱོགས་སུ་སླེབས་སྐབས་(Brahmaputra)་ཞེས་འབོད་ཀྱི་ཡོད་འདུག
གཙང་པོའི་བརྒྱུད་དུ་གནས་པའི་ཡུལ་མི་སྟོང་ཕྲག་མང་པོའི་ཞིང་ལས་དང་། ཞིང་ཆུ། ཉ་འཛིན་སོགས་ཡར་ཀླུང་གཙང་པོར་བརྟེན་ནས་འཚོ་བ་རོལ་གྱི་ཡོད་སྟབས། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེན་པོ་རྒྱབ་པ་ཡིན་ན། དེས་གཤམ་འོག་ཏུ་གནས་པའི་རྒྱལ་ཁབ་དེ་གཉིས་ལ་ས་བབ་ཀྱི་ཐོག་ནས་མ་འོངས་བར་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཆར་དུས་སུ་རྒྱ་ནག་གིས་ཆུ་མཛོད་དེ་ནས་ཆུ་ཀློད་པ་ཡིན་ན། རྒྱ་གར་གྱི་ཨ་སམ་མངའ་སྡེར་ཆུ་ལོག་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་འདུག
རྒྱ་ནག་གིས་ཡར་ཀླུང་གཙང་པོའི་སྟེང་འཛུགས་བསྐྲུན་བྱེད་བཞིན་པའི་ཆུ་མཛོད་དེའི་ནང་ཆུ་(Gigawatts)་ཞེས་པ་༦༠ཙམ་གཤོངས་བའི་གློག་ཤུགས་ནུས་པ་བསྐྲུན་ཡུལ་གྱི་ཆུ་མཛོད་ཞིག་ཡིན་པ་དང་། དེ་ནི་འཛམ་གླིང་ནང་ནས་ཆུ་མཛོད་ཆེ་གྲས་ཤིག་ཆགས་རྒྱུ་ཡིན་པ་མ་ཟད། བོད་ནང་དེ་སྔ་ནས་ཡོད་པའི་(Three Gorges Dam)་ཞེས་པའི་ཆུ་མཛོད་ལས་ཆེ་བ་ཞིག་སྐྲུན་རྒྱུའི་སྔོན་དཔག་བྱེད་བཞིན་ཡོད་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎